དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་རི་མོའི་བརྩམས་ཆོས་ཆེ་མོའི”སུང་རྒྱལ་རབས་ཀྱི་རི་མོའི་འགྲེམས་སྟོན་གྲོང་ཁྱེར་ཧྲོའར་དུ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-07-10

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྲོའར་ནས་ཟླ་7ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། “ཀྲུང་གོའི་མཛེས་རྩལ་སྒྱུ་རྩལ་གྱི་ངོ་མཚར—‘ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་རི་མོའི་བརྩམས་ཆོས་ཆེ་མོའི’སུང་རྒྱལ་རབས་ཀྱི་རི་མོའི་འགྲེམས་སྟོན”ཧན་གོའི་གྲོང་ཁྱེར་ཧྲོའར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འགོ་ཚུགས་ཤིང་། 《སུང་རྒྱལ་རབས་ཀྱི་རི་མོ་ཀུན་འདུས》ནས་ལེགས་འདེམས་བྱས་པའི་མཚོན་བྱེད་རང་བཞིན་གྱི་རི་མོའི་བརྩམས་ཆོས་80འགྲེམས་སྟོན་བྱས་ཡོད།

    འགྲེམས་སྟོན་དེ་ནང་དོན་ཆེན་པོ་གསུམ་སྟེ། རི་ཆུ་དང་། མེ་ཏོག་དང་འདབ་ཆགས། མི་སྣ་སོགས་ནས་སུང་རྒྱལ་རབས་ཀྱི་རི་མོའི་སྒྱུ་རྩལ་གྱི་གྲུབ་འབྲས་དང་མི་ཆོས་རིག་གནས་ཀྱི་ནང་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་མངོན་པར་བྱས་ཡོད།

    ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏའེ་པིང་གིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྒྲོན་སྐབས། ཀྲུང་གོས་ཧན་གོ་ཕྱོགས་དང་མཉམ་དུ་འབད་འཐབ་བྱས་ནས་ཕན་ཡོད་ཀྱི་རིག་གནས་སྤེལ་རེས་དེ་བས་མང་བ་བྱས་ཏེ་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་བསམ་བློའི་བགྲོ་གླེང་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།