དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཁོ་ཐེ་ཏི་ཝོར་གྱི་ཞིང་ལས་ཀྱི་སྤུས་རིམ་འཕར་བར་རོགས་རམ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཙོའུ་སུང་།   |     སྤེལ་དུས།  2025-07-10

    འདི་ནི་ཁོ་ཐེ་ཏི་ཝོར་གྱི་རྒྱལ་སྤྱིའི་ཞིང་ལས་དང་སྲོག་ཆགས་ཐོན་ཁུངས་འགྲེམས་སྟོན་སྐབས་བདུན་པའི་ཐོག་ཨ་ཧྥེ་རི་ཁའི་ཚོང་པས་ཧའེ་ནན་ཞིང་ཆེན་ས་རྒོད་གསར་སྦོལ་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིའི་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་ཁོ་ཐེ་ཏི་ཝོར་རུ་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱི་མ་རྐང་ཚོད་འཛིན་འགྱིག་ལས་སྣོན་བཟོ་གྲྭར་བཟོ་པ་ཚོས་འགྱིག་ལས་སྣོན་བྱེད་བཞིན་པ།

    ལོ་མང་ཉར་ཚགས་བྱས་པའི་ཞིམ་མངར་ཨ་རག་བཏེགས་ནས་སྤྲོ་སེམས་འཁོལ་པོས་སྐུ་མགྲོན་ལ་བསུ་བ་ཞུ་བའི་ཞབས་བྲོ་འཁྲབ། ཡུན་རིང་མ་སོང་གོང་། ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་ལྟེ་གནས་གྲོང་ཁྱེར་ཨ་པི་རང་གྲོང་ཁྱེར་ཝུའེ་ཨའོ་སུའོ་ཡི་གྲོང་ཚོའི་ཡུལ་མི་ཚོས་གླུ་ལེན་གར་འཁྲབ་བྱས་ཏེ་ཀྲུང་གོ་ནས་ཕེབས་པའི་སྐུ་མགྲོན་ལ་བསུ་བ་ཞུས། ན་ནིང་ཀྲུང་གོའི་ཁེ་ལས་ཀྱིས་གྲོང་ཚོར་གློག་འཁྲིད་རོགས་བྱས་ཤིང་། ད་ལོའི་དྲ་རྒྱ་འཁྲིད་རྒྱུའི་འཆར་གཞི་དོན་འཁྱོལ་ཡོང་ཉེར་ཡོད། འགྱིག་འགན་གཙང་བྲིན་ཚོང་བྱེད་ཐབས་ཀྱིས་འདེབས་འཛུགས་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་བར་སྣེ་ཁྲིད་ཐུབ་ཡོད་ལ། གྲོང་ཚོའི་ལས་སྣོན་བཟོ་གྲྭ་ན་གཞོན་ཚོས་འགྲོ་འདོད་བྱེད་པའི་ལས་ཞུགས་བྱེད་གནས་སུ་གྱུར།

    ཁོ་ཐེ་ཏི་ཝོར་དུ“བཟོ་གྲྭ་གཅིག་གིས་གྲོང་ཚོ་མང་པོར་སྣེ་ཁྲིད་དང་། དམངས་ཚོགས་མང་པོ་ཕྱུག་འགྱུར། ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ”བཅས་ཀྱི་གཏམ་རྒྱུད་ཡང་ཡང་ཐོན་བཞིན་ཡོད། ཀྲུང་གོའི་ཁེ་ལས་ཀྱི་རོགས་རམ་འོག ཁོ་ཐེ་ཏི་ཝོར་གྱི་ཞིང་ལས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་ཐུབ་ཡོད་ལ། ཞིང་ལས་ཚན་རྩལ་གསར་པར་བརྟེན་ནས་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་ཕྱིན་ཏེ་ཞིང་ལས་འཕེལ་རྒྱས་ཀྱི་སྤུས་རིམ་འཕར་ཡོད།

    “འགྱིག་ཐོན་སྐྱེད་བྱེད་མཁན་ཀྲུང་གོའི་ཁེ་ལས་སླེབས་ནས་ཁོ་ཐེ་ཏི་ཝོར་གྱི་འགྱིག་ལས་སྣོན་ལས་རིགས་ཕྱོགས་ཡོངས་ནས་མཆོང་སྐྱོད་ལ་སྐུལ་འདེད་བཏང་ཡོད”

    ལོ་ལྔ་དྲུག་གི་གོང་དུ། ཁོ་ཐེ་ཏི་ཝོར་གྱི་འགྱིག་ལས་རིགས་དེ་ད་དུང་རང་བྱུང་འགྱིག་ཕྱིར་གཏོང་བྱེད་པའི་དུས་མཚམས་སུ་གནས་ཡོད། ས་གནས་དེ་གའི་མི་མང་ཆེ་བས་ཐ་ན་སྡོང་པོའི་སྟེང་དུ་སྐྱེས་པའི་ཅ་དངོས་དེས་ཡོང་འབབ་ག་ཚོད་གཏོད་ཐུབ་མིན་ཤེས་ཀྱི་མེད། ཀྲུང་གོའི་ཁེ་ལས་མེ་ལན་ཚོགས་པས་2019ལོ་ནས་བཟུང་ཁོ་ཐེ་ཏི་ཝོར་རུ་འགྱིག་ལས་སྣོན་བཟོ་གྲྭ་བཙུགས་ནས་བཟོ་པ་འབོར་ཆེན་བསྡུས་པར་བརྟེན་ཉེ་འགྲམ་གྱི་ཡུལ་མིའི་ཡོང་འབབ་འཕར་ཡོད། ཧྲེང་ཕེ་ཏེ་ལུའོ་གྲོང་ཁྱེར་ནི་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་གྲོང་ཁྱེར་ཆེ་གྲས་གཉིས་པ་ཡིན་པ་དང་མེ་ལན་ཚོགས་པའི་མ་རྐང་ཚོད་འཛིན་གྱི་འགྱིག་ལས་སྣོན་བཟོ་གྲྭ་གསུམ་པ་དེ་གར་གཞིས་ཆགས་ཡོད།

    གྲངས་གཞིས་འགྱུར་ལྡོག་གི་དཔང་པོ་བྱེད་པ་སྟེ། 1996ལོ་ནས་2024ལོ་བར་ཁོ་ཐེ་ཏི་ཝོར་གྱིས་འགྱིག་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི་1.6ནས་ཏུན་ཁྲི་135བར་འཕར་བ་དང་། 2019ལོ་ནས་བཟུང་ཀྲུང་གོ་ནི་ཁོ་ཐེ་ཏི་ཝོར་གྱི་འགྱིག་ཕྱིར་གཏོང་བྱེད་ཡུལ་གྱི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ནས་ལོར་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི་40ཡས་མས་རྒྱུན་འཁྱོངས་ཐུབ་ཡོད། ད་ཆ། ཁོ་ཐེ་ཏི་ཝོར་གྱི་འགྱིག་ཕྱིར་གཏོང་བྱེད་ཚད་ཨ་ཧྥེ་རི་ཁ་གླིང་ནས་ཨང་དང་པོ་དང་འཛམ་གླིང་གི་ཨང་གསུམ་པར་སླེབས་པ་མ་ཟད། ཕྱིར་གཏོང་བྱེད་པའི་འགྱིག་ཚང་མ་རྒྱལ་ནང་དུ་ཐོག་མའི་ལས་སྣོན་བྱེད་ཀྱི་ཡོད། ཀྲུང་གོའི་ཁེ་ལས་ནི་ཁོ་ཐེ་ཏི་ཝོར་འགྱིག་ཐོན་ལས་མགྱོགས་མྱུར་འཕར་བ་དང་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། མེ་ལན་ཚོགས་པ་དང་། ཧའེ་ནན་ཞིང་ལས་གསར་སྦོལ། ཧའེ་ཅའོ་ཚོགས་པ་སོགས་ཀྲུང་གོའི་ཁེ་ལས་ཀྱིས་ཁོ་ཐེ་ཏི་ཝོར་དུ་ཐོག་མའི་འདེབས་འཛུགས་ནས་འགོ་བརྩམས་ཏེ། བསྡུ་ལེན་ལས་སྣོན་དང་། ཕྱིར་གཏོང་བྱེད་པའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མཁོ་ཚོང་མ་ལག་བཙུགས་ཡོད། སྔོན་དཔག་བྱས་ན། ད་ལོའི་ལོ་མཇུག་ཏུ་སླེབས་སྐབས་ཀྲུང་གོའི་ཁེ་ལས་ཀྱིས་ཁོ་ཐེ་ཏི་ཝོར་གྱི་འགྱིག་ཐོན་ལས་ལ་ཕྱོགས་བསྡུས་ལེགས་སྐྱེས་ཕུལ་ཚད་50%ཟིན་རྒྱུ་རེད།

    “ཀྲུང་གོའི་འགྱིག་ཁེ་ལས་གཞིས་ཆགས་པ་དེས་ཁོ་ཐེ་ཏི་ཝོར་གྱི་འགྱིག་ལས་སྣོན་ལས་རིགས་ཧྲིལ་པོའི་མཆོང་སྐྱོད་ལ་སྐུལ་འདེད་བཏང་བར་བརྟེན་ཞིང་ལས་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་འཕར་བ་མ་ཟད། ལས་ཞུགས་ཀྱི་གོ་སྐབས་ཀྱང་མང་པོ་བཏོད་ཡོད” ཁོ་ཐེ་ཏི་ཝོར་གྱི་རྒྱལ་དོན་པུའུ་ཀྲང་དང་ཞིང་ལས་པུའུ་ཀྲང་གཅིག་ལྕོགས་ཨ་ཀྲུའུ་མཱ་ཉི་ཡིས“ཁོ་ཐེ་ཏི་ཝོར་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་བྱས་ཏེ་ཁོ་ཐེ་ཏི་ཝོར་གྱི་ཞིང་ལས་མ་བཅོས་རྒྱུ་ཆ་ཕྱིར་གཏོང་བྱེད་པ་ནས་ཐོག་མའི་ལས་སྣོན་ཕྱོགས་སྒྱུར་ཡོང་བར་རོགས་རམ་བྱེད་པར་དགའ་བསུ་ཞུ་གི་ཡིན”ཞེས་བཤད།

    “ཞིང་ལས་ཁྱབ་ཁོངས་ཀྱི་ཀྲུང་གོའི་ལག་ལེན་དང་ཉམས་མྱོང་ལ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད”

    “ཀེ་ཀེ་ཏུའུ་གསར་སྦོལ་ཁུལ་ནས་ཐོན་པའི་ཀྲུང་གོའི་འབྲས་ལ་ཁོ་ཐེ་ཏི་ཝོར་གྱི་ཁྱིམ་ཚང་ཚང་མས་དགའ་པོ་བྱེད་ཀྱི་ཡོད” ཡུན་རིང་མ་སོང་གོང་། ཁོ་ཐེ་ཏི་ཝོར་རྒྱལ་སྤྱིའི་ཞིང་ལས་དང་སྲོག་ཆགས་ཐོན་ཁུངས་འགྲེམས་སྟོན་སྐབས་བདུན་པ་ཨ་པི་རང་དུ་འཚོགས་ཤིང་། ཁོ་ཐེ་ཏི་ཝོར་ལྷོ་རྒྱུད་ཀྱི་ཀེ་ཀེ་ཏུའུ་གསར་སྦོལ་ཁུལ་ནས་ཐོན་པའི་འབྲས་འགྲེམས་སྟོན་ལ་བཏོན་ཡོད།

    1997ལོར་ཀེ་ཀེ་ཏུའུ་གསར་སྦོལ་ཁུལ་དུ་ཀྲུང་གོའི་ཞིང་ལས་ལག་རྩལ་མཉམ་ལས་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་ཁག་དང་པོ་འབྱོར། ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་རྗེས་ཀྱི་ཞིང་ལས་རྣམ་གྲངས་ཁག་དང་པོ་དེ་ཡིན་པའི་ཆ་ནས་ལོ་30ཙམ་རིང་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་ཁག་ཐེངས་11གི་འབད་བརྩོན་ལྷོད་མེད་འོག ད་ཆ་ཀེ་ཀེ་ཏུའུ་གསར་སྦོལ་ཁུལ་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་རྒྱལ་ཁབ་གཉིས་ཀྱི་ཞིང་ལས་མཉམ་ལས་དཔེ་སྟོན་རྟེན་གཞིར་གྱུར་པ་མ་ཟད། ཁོ་ཐེ་ཏི་ཝོར་གྱི་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་ཆུ་འབྲས་འདེབས་འཛུགས་རྟེན་གཞིར་གྱུར་ཡོད།

    ལོ་30ཙམ་རིང་འཕེལ་རྒྱས་བཏང་བ་བརྒྱུད། ཀེ་ཀེ་ཏུའུ་གསར་སྦོལ་ཁུལ་གྱིས་འདེབས་གསོ་བྱས་པའི་ཆུ་འབྲས་སྣ་ཁ་གསར་པ་10ལྷག་ཙམ་གྱིས་ས་གནས་དེ་རང་དང་དེ་བཞིན་ཨ་ཧྥེ་རི་ཁ་ནུབ་མའི་དམངས་ཚོགས་ཀྱི་ཆུ་འབྲས་ཀྱི་དགོས་མཁོ་བསྐངས་ཡོད། ཆུ་འབྲས་འདེབས་འཛུགས་དང་ལས་སྣོན་ཐད་ཀེ་ཀེ་ཏུའུ་གསར་སྦོལ་ཁུལ་གྱིས་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ཁྱབ་གདལ་ཤུགས་ཆེན་བཏང་ནས་རྨོ་འདེབས་དང་། ལྗང་འཛུགས། བརྔ་བསྡུ་སོགས་ཐོན་སྐྱེད་ལྷུ་ཚིགས་མང་པོར་གཞི་ཁྱོན་ཆེན་པོས་ཞིང་ལས་འཕྲུལ་ཆས་ཚོད་ལྟ་དང་བཀོལ་སྤྱོད་བྱས་པ་མ་ཟད། འབྲས་ལས་སྣོན་དང་བྲིན་ཚོང་གི་མཁོ་ཚོང་མ་ལག་ཅུང་ཆ་ཚང་བ་ཞིག་བཙུགས་ཡོད།

    ཁོ་ཐེ་ཏི་ཝོར་ཨ་པི་རང་ཞིང་ལས་བློ་འདྲི་ཀུང་སིའི་རིགས་གཅིག་མཁས་ཅན་སང་ཏེ་ལཱ·ཨེན་ཅཱ་ཡིས། “ཨ་ཧྥེ་རི་ཁས་བཟོ་ལས་ཅན་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ནི་ཞིང་ལས་དེང་རབས་ཅན་ཡིན། དེའི་ནང་ཞིང་ལས་ཐོན་རྫས་ལས་སྣོན་དང་འབྲེལ་ཡོད་ཐོན་ལས་འཁོར་འབྲེལ་འཛུགས་སྐྲུན་ཚུད་ཡོད་ལ། ཞིང་ལས་ཆ་འཕྲིན་ཅན་དང་གྲངས་འཛིན་ཅན་མངོན་འགྱུར་དང་ཡང་འབྲེལ་བ་ཡོད་པས་ཞིང་ལས་ཁྱབ་ཁོངས་ཀྱི་ཀྲུང་གོའི་ལག་ལེན་ཉམས་མྱོང་ལ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད”ཅེས་བཤད།

    “ཀྲུང་གོ་ཕྱོགས་ཀྱི་ལག་རྩལ་དང་དོ་དམ་ཉམས་མྱོང་ལ་བརྟེན་ནས་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་འགྲོ་ཐུབ་པའི་རེ་བ་ཡོད”

    “འདི་ནི་ང་ཚོའི་རྒྱལ་ཁབ་ཀྱི་ཆེས་དེང་རབས་ཅན་གྱི་ལས་སྣོན་བཟོ་གྲྭའི་གྲས་ཤིག་ཡིན། ང་བཟོ་གྲྭར་ལས་ཀ་བྱེད་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང”ལོ་25ལ་སླེབས་པའི་ས་གནས་དེ་གའི་ན་གཞོན་ཁོ་ལུན་ཐེ་ཨ་པི་རང་ཁོ་ཁོ་ལས་སྣོན་བཟོ་གྲྭར་ལས་ཀ་བྱེད་ཀྱི་ཡོད། བཟོ་གྲྭ་དེ་ནི་ཀྲུང་གོའི་ཡང་བའི་བཟོ་ལས་ནན་ཉིང་ཇུས་འགོད་ལས་གྲྭ་ཚད་ཡོད་ཀུང་སིས་བསྐྲུན་པ་དང་ཁོ་ཐེ་ཏི་ཝོར་གྱི་ཁོ་ཁོ་ལས་སྣོན་བཟོ་གྲྭ་ཆེ་ཤོས་ཡིན་ལ། ལོ་རེའི་ལས་སྣོན་བྱེད་ཚད་ཏུན་ཁྲི་5ཟིན་གྱི་ཡོད། བཟོ་གྲྭ་དེར་སྨི་ངོས་གྲུ་ཁྲི་6.7ཟིན་པའི་མཛོད་ཁང་ཡོད་ལ། ཨ་ཧྥེ་རི་ཁའི་ཁོ་ཁོའི་སྲན་མའི་མཛོད་ཁང་ཆེ་ཤོས་དེ་ཡིན། “ངས་འདི་ནས་སྔོན་ཐོན་གྱི་ལག་རྩལ་སྦྱོང་ཐུབ་པ་མ་ཟད། ཡོང་འབབ་ཀྱང་སྔོན་མའི་ལྡབ་གཅིག་ཙམ་ཡོད”ཅེས་ཁོ་ལུན་ཐེ་ཡིས་དགའ་ཚོར་ཆེན་པོས་བཤད།

    “ཀྲུང་གོ་ནི་ཞིང་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། ཞིང་ལས་ཐོན་ལས་འཁོར་འབྲེལ་བསྡུ་སྒྲིལ་ཐད་ཀྱི་སྔོན་ཐོན་ལག་རྩལ་ཁོ་ཐེ་ཏི་ཝོར་གྱིས་སློབ་སྦྱོང་བྱེད་རིན་ཡོད”ཅེས་ཁོ་ཐེ་ཏི་ཝོར་ཧྲེང་ཕེ་ཏེ་ལུའོ་སློབ་ཆེན་གྱི་སློབ་སྤྱི་མའེ་ཐའེ·མའེ་ཁའེ་ཡིས་བཤད། ཁོ་ཐེ་ཏི་ཝོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཅེ་ཡིས་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་ཕྱོགས་གཉིས་པོས་ཞིང་ལས་ཁྱབ་ཁོངས་སུ་མིང་རྟགས་བཀོད་པའི་མཉམ་ལས་གྲོས་མཐུན་མང་པོ་བཞག་པ་ལས་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་ཕྱོགས་གཉིས་པོའི་འབྲེལ་བའི་རྨང་གཞི་ཟབ་པ་དང་ཞིང་ལས་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་མངོན་ཡོད་ཅེས་བཤད། ཨ་ཀྲུའུ་མཱ་ཉི་ཡིས“ཞིང་ལས་དང་བཟོ་ལས་ཀྱི་ཁྱབ་ཁོངས་ཐད་ཀྲུང་གོར་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ཁོ་ཐེ་ཏི་ཝོར་གྱིས་ཀྲུང་གོ་ཕྱོགས་ཀྱི་ལག་རྩལ་དང་དོ་དམ་ཉམས་མྱོང་ལ་བརྟེན་ནས་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།