དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་གློག་སྒུལ་རྐང་འཁོར་རྙིང་པ་ཁྲི་800ལྷག་ཙམ་གསར་པར་བརྗེས་པ།

    བརྗེས་པའི་རྐང་འཁོར་གསར་པ་ཚང་མར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་དང་CCCལག་ཁྱེར་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-10

    གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། གློག་སྒུལ་རྐང་འཁོར་རྙིང་པ་གསར་པར་བརྗེས་པ་ལས་ལས་རིགས་ཀྱི་ཐོན་ཚོང་གཉིས་དར་ལ་སྐུལ་ཁྲིད་ཐུབ་ཅིང་། ཟླ་བ་དང་པོ་ནས་དྲུག་པ་བར་རྙིང་པ་གསར་པར་བརྗེ་བའི་བྱ་ཐབས་ལ་བརྟེན་ནས་གློག་སྒུལ་རྐང་འཁོར་བཙོངས་ཚད་ཟླ་རེར་ཆ་སྙོམས་ཟླ་གོང་མའི་དུས་མཚུངས་ལས་113.5%འཕར་བ་དང་། སྤུས་རྟགས་ཆེ་གྲས་བཅུའི་གློག་སྒུལ་རྐང་འཁོར་ཐོན་ཚད་དུས་མཚུངས་ལས་27.6%འཕར་ཡོད་པ་རེད།

    ཕྱིར་ཚོང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་ཞིང་། ཟླ་བ་དང་པོ་ནས་དྲུག་པ་བར་གློག་སྒུལ་རྐང་འཁོར་རྙིང་པ་བསྡུ་ཚད་དང་གསར་པར་བརྗེ་ཚད་ཁྱོན་ཁྲི་846.5ཟིན་ཡོད།

    དམངས་ཕན་གྱི་ཕན་འབྲས་དེ་བས་མངོན་གསལ་དོད་དུ་སོང་ཞིང་། ཟླ་བ་དང་པོ་ནས་དྲུག་པ་བར་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་དངོས་སུ་བརྗེ་ལེན་བྱས་ནས་རྙིང་པ་གསར་པར་བརྗེས་ཏེ་བཙོངས་པའི་གློག་སྒུལ་རྐང་འཁོར་གྱི་དངུལ་འབོར་བསྡོམས་སྒོར་དུང་ཕྱུར་247.7ཟིན་པ་དང་། འཛད་སྤྱོད་པ་ཁྲི་840.2ལ་གློག་སྒུལ་རྐང་འཁོར་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་ཁ་གསབ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    ལས་རིགས་སྐུལ་སྤེལ་གྱི་ནུས་པ་མངོན་གསལ་དོད་ཅིང་། ཕྱིར་ཚོང་ཚོང་ཁང་ཁྲི་8.2ཀྱིས་གློག་སྒུལ་རྐང་འཁོར་རྙིང་པ་གསར་པར་བརྗེ་བའི་ནང་ཞུགས་པའི་ཁྲོད་མང་ཆེ་བ་ཁེ་ལས་ཆུང་ངུ་དང་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་ཚོང་དུད་ཡིན་པས་ཚོང་ཁང་རྐྱང་པས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་30.2འཕར་བར་ཆ་སྙོམས་སྐུལ་ཁྲིད་བྱས་ཡོད།

    བདེ་འཇགས་ཀྱི་སྟོན་ཕྱོགས་གང་ལེགས་བསྟན་ཞིང་། 2024ལོའི་ཟླ་9པར་གློག་སྒུལ་རྐང་འཁོར་རྙིང་པ་གསར་པར་བརྗེ་བའི་ལས་དོན་སྤེལ་འགོ་བཙུགས་ཚུན། རིམ་རྩིས་བརྒྱབ་ན་རྙིང་པ་གསར་པར་བརྗེ་བའི་བྱེད་ཐབས་བརྒྱུད་རྐང་འཁོར་རྙིང་པ་ཁྲི་985ཙམ་འབུལ་འཚོང་བྱས་ནས་བེད་མེད་དུ་བཏང་བ་དང་། བརྗེས་པའི་རྐང་འཁོར་གསར་པ་ཚང་མར་ད་ལྟ་ལག་བསྟར་བྱེད་མུས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་དང་CCCལག་ཁྱེར་ཡོད་པས། འཛད་སྤྱོད་པས་དེ་བས་བདེ་འཇགས་དང་བློ་བདེ་པོས་གློག་སྒུལ་རྐང་འཁོར་གཏོང་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།