སྡེ་ཚན་དགུ་ཡིས་ཡིག་ཆ་བཀྲམ་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁེ་ལས་སུ་ཕྱོགས་སྒྱུར་བྱ་རྒྱུར་རྒྱབ་སྐྱོར་བྱས་པ།
ཁེར་རྐྱང་བཟོ་ཚོང་དུད་ཚང་ཁེ་ལས་སུ་ཕྱོགས་སྒྱུར་བྱེད་པའི་བརྒྱུད་རིམ་ལེགས་སུ་བཏང་ནས་མ་གནས་དམའ་རུ་བཏང་བ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་9ཡིས《ལས་ཕྱོད་ཆེན་པོས་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁེ་ལས་སུ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བའི“བྱ་བ་གཅིག”ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་ཏེ། སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་། ཚད་གཞི་ཅན། སྟབས་བདེ་ཅན་བཅས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ཁེ་ལས་སུ་ཕྱོགས་སྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ། ཕྱོགས་སྒྱུར་མ་གནས་ནུས་ལྡན་ངང་དམའ་རུ་གཏོང་བ། ཁེར་རྐྱང་བཟོ་ཚོང་དུད་ཚང་དེ་བས་མང་བ་སྟོབས་ཆེར་གཏོང་བར་ཞབས་འདེགས་ཞུ་བ་བཅས་བྱས་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།
མཛུབ་ཁྲིད་བསམ་འཆར་ནང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ཁེ་ལས་སུ་ཕྱོགས་སྒྱུར་བྱེད་པའི་སྒྲུབ་གཉེར་བརྒྱུད་རིམ་ལེགས་སུ་བཏང་སྟེ། ཁེ་ལས་དང་འབྲེལ་བ་ཡོད་པའི་དོན་གནད་མུ་མཐུད་སྒྲུབ་གཉེར་བྱེད་པ་དང་། དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འབྲེལ་ཡོད་ཀྱི་སྲིད་འཛིན་ཆོག་འཐུས་ཀྱི་རྒྱུན་མཐུད་པ། སྡེ་ཚན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་ཁ་གསལ་བཏོན་ཡོད།
མཛུབ་ཁྲིད་བསམ་འཆར་ནང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ཐད་ཀར་ཁེ་ལས་སུ་ཕྱོགས་སྒྱུར་བྱེད་རིགས་ཀྱིས་བསྒྱུར་ཐོ་རེ་ཞུ་བྱེད་སྐབས་གཞུང་ཐེལ་བཟོ་བ་དང་། སྤྱི་ཚོགས་འགན་བཅོལ་གྱི་ཐོ་འགོད་པ། སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་ཀྱི་ཐོ་འགོད་པ། གཞི་རྩའི་རྩིས་ཁྲ་བཟོ་བ་དང་བསྒྱུར་བ་སོགས་ཀྱི་དོན་གནད་དུས་གཅིག་ཏུ་སྒྲུབ་ཆོག་པ་མ་ཟད། སྔོན་བཤེར་ཞབས་འདེགས་ཞུ་བར་སྐུལ་ལྕག་གཏོང་བ་དང་། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱིས་ལས་དོན་སྒྲུབ་པར་སྟབས་བདེ་སྐྲུན་པ་བཅས་བྱེད་དགོས་པ་ཁ་གསལ་བཏོན་ཡོད།