དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དབྱར་གསེང་རིང་མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་སྐྱེལ་མེ་འཁོར་མང་དུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-10

    ཉེ་ཆར། གསར་འགོད་པར་མཚོ་བོད་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱུང་བར། དབྱར་གསེང་རིང་། འགྲུལ་པ་ཕྱིར་སྐྱོད་ཀྱི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་བསྟུན་ནས། མཚོ་བོད་ཚོགས་པ་ཀུང་སིས་ལྷ་ས་དང་གོར་མོ་སོགས་ལ་གཏོང་བའི་འགྲུལ་སྐྱེལ་མེ་འཁོར་མང་དུ་གཏོང་རྩིས་ཡོད་པ་རེད།

    ཟླ་7ཚེས་7ནས་ཚེས་10ཉིན་བར། ཟི་ལིང་ནས་ལྷ་ས་བར་འགྲུལ་སྐྱེལ་མེ་འཁོར་Z9813མང་དུ་གཏོང་རྒྱུ་དང་། ཟླ་7ཚེས་9ནས་ཚེས་12ཉིན་བར། ལྷ་ས་ནས་ཟི་ལིང་བར་འགྲུལ་སྐྱེལ་མེ་འཁོར་Z9814མང་དུ་གཏོང་རྒྱུ། ཟླ་7ཚེས་14ནས་ཟླ་8ཚེས་18ཉིན་བར། ལྷ་ས་ནས་གོར་མོ་བར་འགྲུལ་སྐྱེལ་མེ་འཁོར་Z9818མང་དུ་གཏོང་རྒྱུ། ཟླ་7ཚེས་15ནས་ཟླ་8ཚེས་19ཉིན་བར། གོར་མོ་ནས་ལྷ་ས་བར་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་Z9817མང་དུ་གཏོང་རྒྱུ་བཅས་ཡིན་པ་རེད།

    ལྕགས་ལམ་སྡེ་ཚན་གྱིས། མེ་འཁོར་ལ་བསྡད་ནས་ས་མཐོར་སྐྱོད་མཁན་རྒྱ་ཆེའི་འགྲུལ་པ་ཚོར་ལྕགས་ལམ་གྱི་12306གཞུང་ཕྱོགས་ཀྱི་དྲ་ཚིགས་དང་ལག་ཐོགས་ཁ་པར་གྱི་APPའམ་ཡང་ན་མེ་འཁོར་བབས་ཚུགས་ཀྱི་སྤྱི་བསྒྲགས་བརྒྱུད་དུས་ཐོག་ཏུ་མེ་འཁོར་མང་དུ་གཏོང་བའི་དུས་ཚོད་དང་། སླེབས་སའི་ས་ཚིགས། སྤ་སེ་ལྷག་འཕྲོས་ཀྱི་ཆ་འཕྲིན་བཅས་ཀྱི་གནས་ཚུལ་གསར་ཤོས་དུས་ཐོག་ཏུ་ཤེས་པར་བྱས་ནས། བཀོད་སྒྲིག་ལུགས་མཐུན་གྱིས་ས་མཐོར་ཡུལ་སྐོར་བདེ་བླག་ཡོང་བར་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།