“ཕ་རི་སིར་མཐའ་མའི་རྒྱལ་ཁ་ལེན·ཨོ་རྩལ་འགྲན་ཚོགས་ཀྱི་ཉམས་འགྱུར་ངོམས—ཨོ་རྩལ་འགྲན་ཚོཌ་ཀྱི་ཨང་དང་པོ་དང་ངོ་ཐུག་གདོང་འཕྲད”ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བོད་ལྗོངས་ས་ཚིགས་ཀྱི་བྱེད་སྒོའི་བཀོད་གཏོང་བཀོད་སྒྲིག་ཚོཌ་འདུ་ལྷ་སར་འཚོཌ་པ།
ཚེས་8ཉིན་གྱི་ཕྱི་དྲོར། “ཕ་རི་སིར་མཐའ་མའི་རྒྱལ་ཁ་ལེན·ཨོ་རྩལ་འགྲན་ཚོགས་ཀྱི་ཉམས་འགྱུར་ངོམས—ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དང་ངོ་ཐུག་གདོང་འཕྲད”ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བོད་ལྗོངས་ས་ཚིགས་ཀྱི་བྱེད་སྒོའི་བཀོད་གཏོང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོཌ་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་ཁག་དང་གྲོང་ཁྱེར་སྲིད་གཞུང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་། སྒྲིག་འཛུགས་འགན་ལེན་ཞིབ་ཚགས་བྱེད་པ་དང་སྤྱི་ཚོགས་ཀྱི་འཁྲུག་ཆ་དོད་པའི་རྣམ་པ་གཏོད་པར་སྤྱི་འདོམས་ཡག་པོ་བྱས་ཏེ་ཀྲུང་དབྱང་སྨྱན་སྦྱོར་ལ་གཞོགས་འདེགས་བྱས་ནས་དྲིལ་བསྒྲགས་འཕྲིན་སྤེལ་གྱི་ལས་དོན་ཧུར་ཐག་སྤེལ་བ། ཚན་རིག་དང་མཐུན་པའི་སྒོ་ནས་སྟོབས་ཤུགས་བཀོད་སྒྲིག་དང་། ལས་དོན་པ་དང་འཁྲབ་སྟོན་པ་བཀོད་སྒྲིག་ལུགས་མཐུན་བྱེད་པ། བདེ་འཇགས་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་བྱེད་སྒོ་བདེ་འཇགས་དང་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།