དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་འཛུགས་སྐྱོང་ལ་བརྟེན་ནས་ལས་ཞུགས་ཀྱི་ཚོགས་སྤྱི་གསར་པར་ལམ་སྟོན་བྱས།

    —— རང་ལྗོངས་ཀྱིས་ལས་ཞུགས་ཚོགས་སྤྱི་གསར་པའི་ཞབས་ཞུའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-10

    སྣེའུ་ཁུལ་གསར་མོས་འདེམས་ཉོ་སྐྱེལ་ས་ཚིགས་ཀྱི་ལས་མི་རྙིང་པ་མ་ཞའོ་ཝུའེ་ནི་ཁྲོམ་གཞུང་དུ་གང་སར་རྒྱུ་བཞིན་པའི་ཉོ་སྐྱེལ་བ་མང་པོའི་ཁྲོད་ཀྱི་མཚོན་བྱེད་ཅིག་རེད་ལ། ཁོང་གིས་བོད་ཀྱི་ལས་ཞུཌ་ཚོགས་སྤྱིའི་ཞབས་ཞུའི་མ་ལག་གསར་པའི་འཕོ་འགྱུར་གྱི་དཔང་པོ་ཡང་བྱེད།

    དཔལ་འབྱོར་མགྱོགས་མྱུར་གོང་དུ་འཕེལ་བ་དང་སྤྱི་ཚོགས་ལ་འཕོ་འགྱུར་ཟབ་མོ་བྱུང་བར་བརྟེན། རང་ལྗོངས་སུ་དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ་ཆར་རྗེས་ཀྱི་མྱུ་གུ་ཇི་བཞིན་ཐོན་ནས་ལས་ཞུགས་ཚོགས་སྤྱི་གསར་པའི་གཞི་ཁྱོན་མུ་མཐུད་ཇེ་ཆེར་སོང་ཡོད། མིག་སྔར། ལྗོངས་ཡོངས་ཀྱི“ཡོད་པ་གསུམ”གྱི་ཚད་ལྡན་གྱི་སྤྱི་དབང་མིན་པའི་ཁེ་ལས(གཏན་འཇགས་གཉེར་སྐྱོང་ཁང་ཡོད་པ་དང་། ལས་མི་10ཡན་ཡོད་པ། ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོའི་སྤྱི་དབང་མིན་པའི་ཁེ་ལས་ཡོད་པ)3000ལྷག་ཙམ་ཡོད་ལ། ལས་རིགས་ཚོང་པའི་མཐུན་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་སྣ་ཚོགས་900ལྷག་ཙམ་དང་ལས་མི་ཁྲི་90ལྷག་ཙམ་ཡོད་ཅིང་། དེའི་ནང་ཟོག་སྐྱེལ་གྱི་ཁ་ལོ་བ་དང་། དྲ་འབོད་གླ་འཁོར་གྱི་ཁ་ལོ་བ། ཉོ་སྐྱེལ་བ། མྱུར་སྐྱེལ་བ། དྲ་ཐོག་གཙོ་སྐྱོང་པ་སོགས་ལས་ཞུགས་གསར་པའི་ཚོགས་སྤྱིའི་མི་ཁྲི་10ལྷག་ཙམ་ཡོད།

    གསར་དར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པར་བརྟེན། རང་ལྗོངས་ཀྱི་སྤྱི་ཚོགས་ལས་དོན་ལ་ཞིབ་འཇུག་བྱ་གཞི་གསར་པ་བཏོན་ཡོད། ཇི་ལྟར་བྱས་ནས་ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་དགོས་སམ། ལས་ཞུགས་ཚོགས་སྤྱི་གསར་པའི་གཏོགས་སེམས་དང་ཐོབ་སྣང་ཆེ་རུ་བཏང་ནས་ཁོང་ཚོ“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”ནང་ཞུགས་རྒྱུར་མཐུན་སྒྲིལ་དང་སེམས་ནུས་གཅིག་སྒྲིལ་ཇི་ལྟར་བྱེད་དགོས་སམ། ང་ཚོས་མ་ཞའོ་ཝེའུ་དང་མཉམ་དུ་ལས་ཞུགས་ཀྱི་ཚོགས་སྤྱི་གསར་པའི་གནས་ཚུལ་ལ་གཟིགས་ན་གསལ་པོར་ཤེས་ཐུབ།

    ཏང་འཛུགས་སྐྱོང་ལ་བརྟེན་ནས་ཕྱོགས་མིའི་ཏང་ཡོན་ལ་ལམ་སྟོན་བྱས་པ།

    མ་ཞའོ་ཝུའེ་འཕྲད་སྐབས་ཁོང་གིས་ཟ་མ་སྐྱེལ་མཁན་ལས་མི་གསར་པ་ཁྲིད་དེ་ཚོང་གཉེར་ཁུལ་དང་། ཁུལ་ཆུང་། ཚོང་ལས་ཐོག་ཁང་སོགས་ཟ་མ་སྐྱེལ་མང་བའི་ཁུལ་ལ་རྒྱུས་མངའ་ལོན་པར་བྱེད་སྟངས་སློབ་བཞིན་འདུག

    དེ་ཡང་ཁོང་ཐོག་མར་ལས་ཀར་ཞུགས་སྐབས་བརྗེད་པར་དཀའ་བའི་གནས་ཚུལ་ཞིག་འཕྲད་མྱོང་བ་སྟེ“རང་ཉིད་ཀྱིས་ལམ་སྟོན་མཉེན་ཆས་ཡག་པོ་སྤྱོད་མི་ཤེས་པའི་རྐྱེན་གྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་མཐའ་འཁོར་དུ་ཆུ་ཚོད་ཕྱེད་ཀ་ཙམ་སྐུ་མགྲོན་བཙལ་ཡང་མ་རྙེད་པར་བརྟེན་ཞབས་ཞུ་ཡག་པོ་མ་བྱུང་བའི་བརྡ་འབྱོར། སྟབས་ལེགས་པ་ཞིག་ལ་ལས་མི་རྙིང་པ་ཞིག་གིས་འབྲེལ་གཏུག་གང་འདྲ་བྱེད་དགོས་མིན་དང་ལམ་གང་ནས་བསྐྱོད་ན་ཐག་ཉེ་བ་ཡོད་པ་སོགས་བསླབས་པས་ད་ཆ་ངས་ཟ་མ་འཐུས་ཤོར་མེད་པར་སྐྱེལ་ཐུབ་ཀྱི་ཡོད”ཅེས“བརྒྱུད་རོགས་ཁྲིད་གསུམ”བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་ལུགས་སྐོར་བརྗོད་བྱུང་།

    ས་ཚིགས་ཀྱི་ལས་མི་རྙིང་པ་ཞིག་ཡིན་པའི་ཁོང་གིས་སྲོལ་རྒྱུན་བཟང་པོ་དེ་རྒྱུན་འཛིན་བྱས་ནས་ལས་མི་གསར་པར་རང་ཉིད་ཀྱི་ཉམས་མྱོང་བརྒྱུད་སྤྲོད་བྱེད་ཀྱི་ཡོད།

    “དེ་ཡང་ཏང་ཡོན་ཞིག་ཡིན་པའི་ཁོང་གི་ཕྲག་ཐོག་གི་འགན་འཁྲི་ཡང་རེད”མ་ཞའོ་ཝུའེ་ཡིས་གསར་འགོད་པར། 2021ལོར་ལྷ་ས་གྲོང་ཁྱེར་གྱི་ཉོ་སྐྱེལ་ལས་རིགས་ལ་རང་སོ་སོའི་ཏང་ཀྲི་པུའུ་ཡོད་ཅིང་། ཁོང་ཏང་རྩ་འཛུགས་སུ་ཞུགས་མཁན་ཏང་ཡོན་ཁག་དང་པོར་གྱུར་པ་དང་ན་ནིང་ཀྲི་པུའུ་བསྐྱར་འདེམས་བྱེད་སྐབས་ཀྲི་པུའུ་ཨུ་ཡོན་ལ་བདམས་པའི་སྐོར་བརྗོད་བྱུང་།

    “ང་ཡང་བསྐྱར་རྩ་འཛུགས་ཀྱི་འཚོ་བར་ཞུགས་རྗེས་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བྱུང”ཞེས་ཧྲའན་ཤིས་ནས་ཡོང་བའི་དམག་ཞབས་ཐིམ་པའི་ཁོང་གིས་དགའ་ཚོར་ཆེན་པོས་བརྗོད། ཏང་ཀྲི་པུའུ་བཙུགས་པའི་ཉིན་དེར། མ་ཞའོ་ཝུའེ་ལ་ཏང་གི་རྟགས་མ་གཅིག་དང་། ཏང་ཡོན་གྱི་སྔོན་ཐོན་ལས་གནས་ཀྱི་བྱང་བུ་གཅིག དམངས་ཀྱི་གནས་ཚུལ་ཐོ་བཀོད་ཉིན་ཐོའི་དེབ་གཅིག་བཅས“ཏང་འཛུགས་སྐྱོང་གི་ལག་རྟགས་ཆེན་པོ”ཞིག་ལག་ཏུ་འབྱོར།

    ཉོ་སྐྱེལ་དང་མྱུར་སྐྱེལ་སོགས་ལས་ཞུགས་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་གསར་དར་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བར་གྱུར། རང་ལྗོངས་ཀྱི་ས་གནས་ཁག་གིས་ཕྱོགས་མིའི་ཏང་ཡོན་ལ་དོ་དམ་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ལྷ་ས་དང་གཞིས་རྩེ་སོགས་སུ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་ཀྱི་ལས་རིགས་ཨུ་ལྷན་དང་མྱུར་སྐྱེལ་ལས་རིགས་ཀྱི་ཏང་ལས་དོན་ཨུ་ལྷན་བཙུགས་ཏེ་ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་འཛུགས་སྐྱོང་ལས་དོན་ལ་གཅིག་གྱུར་དོ་དམ་དང་། ཉོ་སྐྱེལ་ཏང་ཡོན་ཕྱིར་སྐྱོད་མང་བའི་ཁྱད་ཆོས་ལ་དམིགས་ནས“ཕྱོགས་མིའི་ཏང་ཡོན་གྱི་ཏང་ཀྲི་པུའུ”དང“ཏང་ཡོན་གྱི་སྔོན་ཐོན་ལས་གནས”སོཌ་བཙུགས་ཏེ། ཏང་ཡོན“ཕ་ཡུལ་དང་བྲལ་ཡང་ཏང་དང་མི་བྲལ་བ”བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད།

    ཞབས་ཞུ་ལེགས་སུ་བཏང་ནས་དྲོ་སྐྱིད་ལྡན་པའི་འཐབ་ས་བསྐྲུན་པ།

    གྲོང་ཁྱེར་འཛུགས་སྐྲུན་བྱེད་སྐབས་རང་ལྗོངས་ཀྱིས་སློབ་སྦྱོང་སློབ་གསོ་དང་། ཏང་དམངས་ཀྱི་བྱེད་སྒོ དམངས་ཕན་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ས་ཚིགས་དཔེར་ན། “ཉོ་སྐྱེལ་ས་ཚིགས”དང་། “ཁ་ལོ་བའི་ཁྱིམ་ཚང” “ངལ་རྩོལ་པའི་ཞབས་ཞུའི་ས་ཚིགས”སོགས་བསྐྲུན་ནས་མྱུར་སྐྱེལ་པ་དང་། ཉོ་སྐྱེལ་བ། དྲ་འབོད་གླ་འཁོར་གྱི་ཁ་ལོ་བ་སོགས་ལ་ངལ་གསོ་རྒྱག་ས་དང་། ཆུ་འཐུང་ས། ཁ་པར་གྱི་གློག་གསོག་ས། བཟའ་བཏུང་ཞབས་ཞུ་བཅས་མཁོ་འདོན་བྱས་པར་བརྟེན་ལས་ཞུགས་ཚོགས་སྤྱི་གསར་པས་ཏང་རྩ་འཛུགས་ལ་བཅངས་པའི་མོས་སེམས་ཆེ་རུ་ཕྱིན་པ་མ་ཟད། “ཁྱིམ་ཚང”གི་དྲོ་སྐྱིད་ཀྱང་ཚོར་ཐུབ་པ་བྱུང་ཡོད།

    “སྔོན་མ་དཀའ་ལས་ཁག་ན་གློག་སྒུལ་སྦག་སྦག་ཐོག་ངལ་གསོ་རྒྱག་གི་ཡོད། ད་ཆ་ངལ་གསོ་ཁང་དུ་ངལ་གསོ་རྒྱག་ཆོག་ལ། ལྟོ་ཚ་པོ་ཟ་རྒྱུ་ཡོད་པ་དང་དཔེ་དེབ་ལྟ་ཆོག་པ་མ་ཟད་ལས་རོགས་དང་ཁ་བརྡ་ཡང་གློད་ཐུབ་པས་དངོས་ནས་ཡག་པོ་འདུག”ཅེས་ཉོ་སྐྱེལ་བ་ལི་ཅ་ཧའོ་ཡིས་བཤད།

    འབྱུང་འགྱུར་དྲོ་སྐྱིད་ས་ཚིགས“གསར་པ”དེ་བས་མང་བ་བསྐྲུན་རྒྱུ་མ་ཟད། ཕྱོགས་མིའི་ཏང་ཀྲི་པུའུ་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་འཛུགས་སྐྱོང་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་ཏེ“ལས་རིགས་གསར་པ་གང་དུ་འཕེལ་རྒྱས་དང་ཚོགས་སྤྱི་གསར་པ་གང་དུ་ལས་ཞུགས་བྱས་ན་ཏང་གི་དྲོ་སྐྱིད་དེ་གར་བརྒྱུད་སྤྲོད་ཐུབ་རྒྱུ་རེད”

    ཕྱོགས་མི་ཞིག་ནས་གྲོང་ཁྱེར་བཅོས་སྐྱོང་གི“སྟོབས་ཤུགས་གསར་པར”གྱུར་པ།

    ལས་ཞུགས་ཀྱི་ཚོགས་སྤྱི་གསར་པའི་གཞི་ཁྱོན་ཆེ་ཞིང་འཁོར་རྒྱུག་རང་བཞིན་ཆེ་བ་དང་། ཁྲོམ་གཞུང་དང་སྲང་ལམ་ཆུང་ཆུང་བརྒྱུད་ལས་རིགས་ཁག་དང་འབྲེལ་ཅིང་ཁྱིམ་ཚང་མང་པོར་ཞབས་འདེགས་ཞུ་བ་སོགས་གྲོང་མིའི་འཚོ་བར་དྲོ་སྐྱིད་དང་སྟབས་བདེ་སྐྲུན་མཁན་ཚོགས་སྤྱི་གསར་པ་དེ་དག་སྔ་ས་ནས་གྲོང་ཁྱེར་བཅོས་སྐྱོང་གི“སྟོབས་ཤུགས་གསར་པར”གྱུར་ཡོད།

    ཟླ་5ཚེས་7ཉིན་གྱི་དགོང་མོ། བསོད་ནམས་གློག་སྒུལ་སྦག་སྦག་བཞོན་ནས་རྔ་ཆེན་ལམ་བརྒྱུད་ཟ་མ་སྐྱེལ་བར་འགྲོ་སྐབས་ལམ་འགྲམ་གྱི་གློག་སྐུད་འཚིག་ནས་མེ་ཙག་ཐོར་བ་མཐོང་། “མེ་ཤོར་ན་དཔེ་བསགས་པ་རེད”སྙམ་བཞིན་མགྱོགས་མྱུར་པར་བརྒྱབ་སྟེ་དེའི་གནས་ཡུལ་དང་བཅས་པ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་བསྐུར།

    མཐོ་རྒྱུགས་ཀྱི་སྔ་སྣུབ་ཏུ་མོས་འདེམས་ཚོགས་པ་ལྷ་ས་ཡན་ལག་ཀུང་སིས“ཡིག་རྒྱུགས་སློབ་མ་སྐྱེལ་མཁན་གྱི་ཏང་ཡོན་འཕྲལ་སྒྲུབ་རུ་ཁག”བཙུགས་ནས་སློབ་མ་རྒྱུགས་རར་སྐྱེལ་བའི་ལས་ལ་ཞུགས།

    ལས་ཞུགས་ཚོགས་སྤྱི་གསར་པ་ནི་སྤྱི་ཚོགས་བཅོས་སྐྱོང་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་བཅོས་སྐྱོང་གི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། མིག་སྔར་བོད་ཀྱིས“ས་མཐོའི་ཉོ་སྐྱེལ་འཕྲལ་སྒྲུབ་རུ་ཁག”དང“དར་དམར་གདོང་ལེན་དང་བླངས་ཞབས་ཞུའི་རུ་ཁག”སོགས་ལས་ཞུགས་ཚོགས་པ་གསར་པའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཏེ་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་དང་སྤྱི་ཕན་ཞབས་ཞུའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད།

    གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ནས་ལས་ཞུགས་ཀྱི་ཚོགས་སྤྱི་གསར་པ་སེམས་རྣལ་དུ་ཕབ་པར་བྱས་པ།

    མོས་འདེམས་ཀྱི་ཉོ་སྐྱེལ་བ་ཁྲོམ་གཞུང་དང་སྲང་ལམ་གང་སར་བསྐྱོད་ནས་མང་ཚོགས་ཁྲི་སྟོང་མང་པོར་ཞབས་འདེགས་ཞུ་གི་ཡོད་པས། ཁོང་ཚོའི་བདེ་འཇགས་ལའང་སྤྱི་ཚོགས་ཡོངས་ཀྱིས་སེམས་ཁུར་བྱེད་བཞིན་ཡོད། རང་ལྗོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པ་དང་། ཁྲིམས་འཛིན། མི་སྤྱི་སོགས་སྡེ་ཚན་གྱི་འགན་འཁུར་བ་ཉོ་སྐྱེལ་ས་ཚིགས་ཁག་ཏུ་བསྐྱོད་དེ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་མ་ཟད། བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཆེད་དོན་སློབ་ཚན་ཁྲིད་དེ་སྤྱི་ཚོཌ་འགན་སྲུང་སྲིད་ཇུས་དང་ལས་རིཌ་རྩལ་ནུས་གསོ་སྦྱོང་སྲིད་ཇུས་སོགས་ལ་འགྲེལ་བཤད་བརྒྱབ་པ་རེད།

    “སྔོན་མ་རྨོག་ཞྭ་གྱོན་རྒྱུར་དགའ་པོ་མེད། འགྲིམ་འགྲུལ་ལས་འཛོལ་གྱི་བརྙན་ལམ་བལྟས་རྗེས་ད་ཆ་ངས་རྨོག་ཞྭ་གྱོན་ནས་ཟ་མ་སྐྱེལ་བར་འགྲོ་གི་ཡོད”ཅེས་ཉོ་སྐྱེལ་བ་ཞིག་གིས་བཤད། མོས་འདེམས་ཀྱི“མྱུར་སྐྱེལ་བའི་APP”དང“ལད་ཟློས་མངགས་སྐྱེལ”མ་ལག་གིས་ད་དུང་ཉོ་སྐྱེལ་བར་སྦག་སྦག་གཏོང་བའི་གོམས་གཤིས་ངན་པ་ཡོ་བསྲང་བྱེད་རོགས་བྱས་ཏེ་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད།

    “དུས་ཆེན་འཆར་རིམ་བཞིན་ཏང་དང་སྲིད་གཞུང་གིས་ང་ཚོར་འབྲས་དང་། གྲོ་ཞིབ། སྣུམ་བཅས་དང་དངོས་ཉོའི་གཱ་སྤྲོད་ཀྱི་ཡོད། དགུན་ཁར་ཀུང་སིས་ང་ཚོར་པུས་ཤུབས་དང་མགོ་ཤུབས་སོགས་ཀྱང་སྤྲོད་ཀྱི་ཡོད”

    ལས་ཞུགས་གསར་པའི་ཚོགས་སྤྱི་སེམས་རྣལ་དུ་ཕབ་པ་བྱ་རྒྱུ་དེ་ཁོང་ཚོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན། མིག་སྔར། རང་ལྗོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་དེ་མཚུངས་ཀྱི་ལས་ཀའི་ལམ་སྲོལ་རྒྱ་ཁྱབ་བཙུགས་ནས་ལས་ཞུགས་ཀྱི་ཚོགས་སྤྱི་གསར་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་ལས་ཀ་དང་། འཚོ་བ། འཕེལ་རྒྱས་བཅས་ལ་ཁྱབ་པའི་ཕྱོགས་ཡོངས་ཀྱི་ཐུགས་ཁུར་མ་ལག་རིམ་བཞིན་བཙུགས་ཏེ། ལས་ཞུགས་ཚོགས་སྤྱི་གསར་པ་གྲོང་ཁྱེར་དུ་འཚོ་བ་སྐྱེལ་ཐུབ་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱས་ཡོད།

    “ཕྱོགས་མི”ནས“གཞིས་ཆགས་པའི”བོད་ཀྱི་ལས་ཞུགས་ཚོགས་སྤྱི་གསར་པའི་འགྱུར་ལྡོག་གི་ལམ་བུ་ལས་ས་མཐོའི་གྲོང་ཁྱེར་བཅོས་སྐྱོང་གི་གྲུབ་འབྲས་མངོན་ཡོད། མ་ཞའོ་ཝུའེ་ཡིས“བོད་དུ་ཉི་འོད་དྲོ་ཞིང་འཇམ་པ་དང་མི་རྣམས་བབས་ཆགས་ཤིང་སེམས་རྒྱུད་བཟང་པོ་ཡོད། བརྩེ་བ་དང་དྲོ་སྐྱིད་ཀྱིས་ཕྱུག་པའི་ས་ཆ་འདིར་དུས་ནམ་ཡང་འཚོ་སྡོད་བྱེད་འདོད་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།