དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཁྲིམས་མི་དང་རྩ་འཛུགས་གཞན་དག་གི་གྲངས་འབོར་དུང་ཕྱུར་2ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-09

    ཉེ་ཆར། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་རྩ་འཛུགས་སྒྲིག་གཞིའི་གཅིག་གྱུར་སྤྱི་ཚོགས་ཡིད་རྟོན་ཚབ་རྟགས་གྲངས་གཞིའི་ཞབས་ཞུ་ལྟེ་གནས་ཀྱིས་བསྡོམས་རྩིས་བརྒྱབ་པ་ལྟར་ན། 2025ལོའི་ཟླ་5པའི་ཟླ་མཇུག་བར། རང་རྒྱལ་གྱི་ཁྲིམས་མི་དང་རྩ་འཛུགས་གཞན་དག་གི་གྲངས་འབོར་དུང་ཕྱུར་2ལྷག་ཙམ་ཟིན་ཡོད་པ་རེད།

    2015ལོར་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་རྟགས་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་། ཁྲོམ་ར་ལྟ་འདོམས་དང་། དམངས་སྲིད། སྒྲིག་གཞིའི་སྒྲིག་ཁོངས། བཟོ་ཚོགས། ཞིང་ལས་གྲོང་གསེབ་སོགས་ཐོ་འགོད་དོ་དམ་སྡེ་ཚན་19ཡིས་རྟགས་ཡོད་ཐོ་འགོད་བྱས་པའི་ཁེ་ལས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། སྤྱི་ཚོགས་ཚོགས་པ། དམངས་གཉེར་ཁེ་ལས་མིན་པའི་ཚན་པ། སྒྲིག་གཞིའི་ཁྲིམས་མི། བྱ་གཞག་ཚན་པ། གཞི་རིམ་བཟོ་ཚོགས་རྩ་འཛུགས། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་སོགས་སྒྲིག་གཞི་རིགས་36ལ་ཁྱབ་ནས་རང་རྒྱལ་གྱི་ཁྲིམས་མི་དང་རྩ་འཛུགས་སྒྲིག་གཞི་གཞན་དག་གི་ཐོབ་ཐང་ངོ་རྟགས་མ་ལག་ཅིག་ཆགས་ཡོད་པ་རེད།

    གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་རྟགས་དེ་ཁྲིམས་མི་དང་རྩ་འཛུགས་གཞན་དག་གི་མི་ཚེ་གང་བོར་འགྱུར་ལྡོག་མེད་པའི་ཐོབ་ཐང་ངོ་རྟགས་འབའ་ཞིག་དེ་ཡིན་པའི་ཆ་ནས་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ཏུ་བཀོལ་སྤྱོད་རྒྱ་ཁྱབ་བྱེད་བཞིན་ཡོད། སྲིད་གཞུང་སྡེ་ཚན་གྱིས་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་རྟགས་ཆ་འཕྲིན་སྤྱད་དེ་སྔར་བས་ནུས་ཆེའི་སྒོ་ནས་རྩ་འཛུགས་སྒྲིག་གཞི་སྣ་ཚོགས་དབྱེ་འབྱེད་གནད་འཁེལ་དང་དོ་དམ་ཡང་དག་བྱས་ནས། ཆ་འཕྲིན་མཉམ་སྤྱོད་དང་ལས་སྒོ་མཉམ་སྒྲུབ་བྱེད་ཐུབ། སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་སྤྱི་ཚོགས་ཀྱི་ཡིད་རྟོན་ཚབ་རྟགས་སྤྱད་དེ་རྩ་འཛུགས་སྒྲིག་གཞིའི་འབྲེལ་ཡོད་ཆ་འཕྲིན་འདྲི་རྩད་བྱས་ནས་དེ་དག་གི་ཡིད་རྟོན་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཀྱིས་ཉོ་ཚོང་གི་ཉེན་ཁ་ཆུང་དུ་ནུས་ལྡན་གཏོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།