དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉེན་བརྡ་རྒྱུན་དུ་བཏང་ནས་མི་རིགས་ཀྱི་སྙིང་སྟོབས་འཕེལ་བར་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀུའེ་ཚུང་ལུའུ།   |     སྤེལ་དུས།  2025-07-09

    འདི་ལོ་ནི་བདུན་པའི་ཚེས་བདུན་གྱི་དུས་འགྱུར་ལངས་ནས་ལོ་ངོ་88འཁོར་བའི་ལོ་ཞིག་རེད། ཟླ་7ཚེས་7ཉིན། ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་ངོ་88འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

    བཙན་འཛུལ་ལ་འགོག་རྒོལ་བྱེད་ཆེད། རྒྱལ་གཅེས་དཔོན་དམག་ཚོས་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་དགྲ་བོ་དང་འཐབ་པ་དང་། ཀྲུང་ཧྭའི་བུ་ཕྲུག་ཚོས་རྒྱལ་ཁབ་ལ་དཀའ་ཉེན་འཕྲད་སྐབས་སྔོན་འགྱེལ་རྗེས་མཐུད་བྱས་ཡོད། རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་དེ་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མཚོན་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ནས་མི་རིགས་དར་རྒྱས་དང་འབད་འབུངས་ཡར་བརྩོན་གྱི་བགྲོད་ལམ་གསལ་བར་བྱས་ཡོད།

    ད་ཆའི་ཀྲུང་གོ་ནི་མི་རིགས་བསྐྱར་དར་གྱི་འགག་རྩའི་དུས་སུ་སླེབས་ཡོད། དཀའ་ངལ་དང་འགལ་རྐྱེན་ལས་ཇི་ལྟར་རྒྱལ་དགོས་སམ། ལོ་བརྒྱའི་འགྱུར་ལྡོག་ཁྲོད་ཇི་ལྟར་བྱས་ནས་རང་འགུལ་དབང་ཆ་ཐོབ་པར་བྱེད་དགོས་སམ། ལོ་རྒྱུས་ཀྱིས་ང་ཚོར་དུས་དང་རྣམ་པ་ཀུན་ཏུ་བདེ་སྡོད་ཉེན་བསམ་དང་ཆུ་མ་ཤོར་གོང་ནས་རགས་རྒྱག་དགོས་པའི་ཉེན་བརྡ་གཏོང་གི་ཡོད། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ངེས་པར་དུ་རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་རྒྱུན་འཁྱོངས་བྱེད་པ། ངལ་བ་དང་དུ་ལེན་པ། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་བཅས་བྱས་ཚེ། ད་གཟོད་འཕེལ་རྒྱས་དང་ཡར་ཐོན་གྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ།

    མི་རིགས་ཤིག་རླབས་ཆེ་བའི་རྩ་བ་ནི་དཀའ་ངལ་དང་ཉེན་ཁ་གང་རུང་གི་མདུན་དུ་ནམ་ཡང་བློས་གཏོང་མི་བྱེད་པ་དང་། ཕྱིར་བཤོལ་མི་བྱེད་པ། གོམ་པ་སྤོ་མཚམས་མི་འཇོག་པ་བཅས་བྱས་ནས་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པར་རང་ཉིད་ཀྱི་མདུན་ལམ་དང་ལས་དབང་གི་ཆེད་དུ་འབད་འཐབ་བྱེད་པ་དེར་ཐུག་ཡོད། མི་རིགས་ཀྱི་སྙིང་སྟོབས་འཕེལ་བར་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་བསམ་པའི་འབྲེལ་ཐག་ཟབ་ཏུ་དང་། འབད་བརྩོན་ལྷོད་མེད་ཀྱི་བསམ་པའི་སྒུལ་ཤུགས་ཆེ་རུ་བཏང་ཚེ། མི་ཡུལ་གྱི་བདེན་ལམ་དུ་སྐྱོད་པ་དང་དྲང་བདེན་གྱི་བྱ་གཞག་སྒྲུབ་པར་ང་ཚོར་ཡིད་ཆེས་དང་སྟོབས་ཤུགས་ལྡན་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།