དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་པེ་ཅིང་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་ཆིག་སྟོང་ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-09

    གསར་འགོད་པས་པེ་ཅིང་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ནས་ཤེས་རྟོགས་བྱས་པར། ཟླ་6ཚེས་30ཉིན་བར། ད་ལོ་ཚུན་དུ་པེ་ཅིང་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་1000ལས་བརྒལ་ནས་དུས་མཚུངས་ལས་19.6%འཕར་ཡོད། དེའི་ནང་རང་རྒྱལ་དུ་ཡོང་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་290ལྷག་ཙམ་ཟིན་པ་དེས་རྒྱལ་མཚམས་འཛུལ་སྒྲོལ་མི་སྣའི་བསྡོམས་འབོར་གྱི་29%བཟུང་ནས་དུས་མཚུངས་ལས་36.5%འཕར་ཡོད།

    ཉེ་བའི་ལོ་ཤས་རིང་། ཕྱི་རྒྱལ་བ་ཀྲུང་གོར་ཡོང་བའི་སྲིད་ཇུས་སྟབས་བདེ་རུ་བཏང་བར་བརྟེན་རྒྱལ་སྤྱིའི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་བའི་ཚ་རླབས་འཕྱུར་ཡོད། ཕྱི་རྒྱལ་བ་རང་རྒྱལ་དུ་ཡོང་བའི་གནས་ཚུལ་ལ་བལྟས་ན། ཟླ་6ཚེས་30ཉིན་བར་ད་ལོ་ཚུན་པེ་ཅིང་འགག་སྒོ་ནས་རྒྱལ་ནང་དུ་ཡོང་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་149ཟིན་པའི་ནང་ཐོངས་མཆན་འགོད་མི་དགོས་པ་དང་ཆུ་ཚོད་240ཡི་གནས་སྐབས་རྒྱལ་ཁོངས་སུ་འཛུལ་ཆོག་པའི་སྲིད་ཇུས་ལོངས་སུ་སྤྱོད་པའི་ཕྱི་རྒྱལ་བ་མི་ཐེངས་ཁྲི་84ལྷག་ཙམ་ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་ལྡབ་2འཕར་ཡོད། ཀྲུང་གོར་ཡུལ་སྐོར་བྱེད་མཁན་ཕྱི་རྒྱལ་བས་བཅུ་ཆ་ལྔ་ཙམ་བཟུང་ཡོད་པ་དང་དེ་མིན་ཚོགས་འདུ་ཚོང་དོན་དང་གཉེན་ཉེ་གྲོགས་པོ་ཐུག་འཕྲད་བྱེད་པར་ཡོང་མཁན་སོགས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།