དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཤིས་ཆོན་ཀྲོའུ་རྫོང་ཏུང་ཧྲན་ཡའོ་རིགས་ཤང་པའེ་ཀྲུའུ་གྲོང་ཚོའི་དེ་སྔའི་གྲོང་སྡོད་ཧྲུའུ་ཅི་དང་པོ་མོ་རི་ཧྥ་ཡིས།

    “མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་བཏང་ནས་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཡུན་ཧོ།   |     སྤེལ་དུས།  2025-07-09

    “ཏང་ཡོན་རྒན་གྲས་ཐང་ལན་ཤང་ལ‘གཟི་བརྗིད་ལྡན་པའི་ཏང་ནང་ཞུགས་པའི་ལོ་ངོ་50’ཡི་དྲན་རྟེན་རྟགས་མ་སྤྲད་པའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད”

    མཚན་མོར། གྲོང་ཚོའི་ཀྲི་པུའུ་རུ་སྔར་བཞིན་གློག་ཁྲ་ལྷམ་མེར་སྤར་ཞིང་། ཧྲུའུ་ཅི་རྒན་གྲས་མོ་རི་ཧྥ་ཡིས་རེ་རེ་བཞིན་མངགས་བཅོལ་བྱེད་བཞིན་ཡོད་པ་རེད། རྒན་ཡོལ་ཞུ་གྲབས་ཡོད་ཀྱང་ཁོང་གིས་ད་དུང་གསར་དུ་ཡོང་བའི་གྲོང་སྡོད་ཧྲུའུ་ཅི་དང་པོ་དང་སྙིང་གཏམ་ཤོད་བཞིན་མཆིས།

    “ངས་ཁྱེད་ཚོ་ཚང་མ་བློས་ཐོངས་དཀའ”ཞེས་མོ་རི་ཧྥ་ཡི་མིག་ལ་མཆི་ཞག་འཁོར་བཞིན་འདི་ལྟར་བཤད།

    ཟླ་7ཚེས་2ཉིན། མོ་རི་ཧྥ་ཀོང་ཤིས་ཆོན་ཀྲོའུ་རྫོང་ཏུང་ཧྲན་ཡའོ་རིགས་ཤང་པའེ་ཀྲུའུ་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོའི་ལས་གནས་གྱེས་ཏེ་ཀུའེ་ལིན་དངུལ་ཁང་དུ་ལོག་པ་དང་། ཁོང་གིས་ལོ་བཅུའི་རིང་པའེ་ཀྲུའུ་གྲོང་ཚོར་བཅའ་སྡོད་བྱེད་རིང་གི་ལས་ཀ་ཚང་མ་ལེགས་པར་བསྒྲུབས་ནས་རྒན་ཡོལ་ཞུ་རྩིས་ཡོད་པ་རེད།

    ལོ་10ཡི་གོང་། སྐབས་དེའི་ཀུའེ་ལིན་དངུལ་ཁང་བདེ་འཇགས་སྲུང་སྐྱོང་པུའུ་ཡི་ཅིང་ལི་ཡིན་པའི་མོ་རི་ཧྥ་ཡིས་རང་འགུལ་ངང་པའེ་ཀྲུའུ་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོའི་འགན་འཁུར་རྒྱུའི་རེ་འདུན་ཞུས། གྲོང་སྡོད་ལོ་གཉིས་སོང་ན་ལོག་ཆོག་མོད། འོན་ཀྱང་། གྲོང་མིས་ཁོང་དེ་གར་མུ་མཐུད་སྡོད་རྒྱུའི་རེ་བ་ཐེངས་གསུམ་ཞུས་པ་རེད།

    གྲོང་མི་ཚོས་མོ་རི་ཧྥ་བློས་ཐོངས་མ་ཐུབ་པའི་རྒྱུ་མཚན་ནི། ཁོང་གིས་ལོ་བཅུའི་རིང་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་ཆེད་མི་སེམས་འགུལ་བའི་ལེཌ་སྐྱེས་མང་པོ་ཕུལ་བས་ལོས་ཡིན།

    པའེ་ཀྲུའུ་གྲོང་ཚོ་ནི་ཧུའུ་ནན་དང་ཀོང་ཤིས་ཀྱི་མཐའ་མཚམས་སུ་གནས་ཤིང་། ས་བབ་སྨི་870ཟིན་པ་དང་ཕྱོགས་བཞི་རི་བོས་བསྐོར་བའི་དེ་སྔའི་རང་སྐྱོང་ལྗོངས་རིམ་པའི་གྲོང་ཚོ་དབུལ་པོ་ཞིག་རེད། དེ་སྔ་པའེ་ཀྲུའུ་གྲོང་ཚོར་ཨར་འདམ་ལམ་གཅིག་ལས་མེད་ཁར། ལམ་གཞན་ཚང་མ་ཆར་དུས་སུ་འདམ་རྫབ་ཀྱིས་ཁེངས་ནས་ཧ་ཅང་འགྲོ་ཁག་པ་མ་ཟད། གནམ་དྭངས་དུས་ཀྱང་ཐལ་རྡུལ་གྱིས་ཁེངས་བཞིན་ཡོད། མོ་རི་ཧྥ་ཐོག་མར་དེར་འབྱོར་ཙམ་ལ། “གྲོང་ཚོའི་ཐག་རིང་ཤོས་ཀྱི་ལི་ཙི་ཕིང་དུ་སྐྱོད་སྐབས། ལམ་ཕྱེད་དུ་རླངས་འཁོར་གྱི་འཁོར་ལོ་ཀོང་དོང་ནང་དུ་ཤོར་བ་རེད” གནས་ཚུལ་དེའི་སྐོར་ཁོང་གིས་ད་དུང་ཡང་ཡིད་ལ་གསལ་པོར་ངེས་ཡོད་པ་སྟེ། “སྐབས་དེ་དུས་ཚོང་འདུས་ལ་འགྲོ་མཁན་གྲོང་མི་ཚོས་རང་ཉིད་ལ་རླངས་འཁོར་འབུད་རྒྱག་རྒྱག་རོགས་བྱས་པ་མ་ཟད། ཁོང་ཚོས་ང་ལ་གྲོང་ཁྱེར་ནས་ཡོང་བ་ཡིན་ནམ་ཞེས་དྲིས་བྱུང་བས། ངས‘གྲོང་གསེབ་ནས་ཡོང་བ་ཡིན། རྗེས་སུ་རོགས་པ་གང་དགོས་ཚེ་ང་འཚོལ་བར་ཤོག’”ཅེས་བཤད་པ་ཡིན།

    “ཁ་ཐང་བ་གང་ཡོད་ཚེ་དེ་གསབ་དགོས” མོ་རི་ཧྥ་ཡིས་ལམ་ནི་འཕེལ་རྒྱས་ཀྱི་འགག་རྩ་ཡིན་པ་ཤེས། འོན་ཀྱང་། ལམ་བསྐྲུན་པར་ས་བཟུང་ནགས་བཟུང་བྱེད་དགོས་པ་གང་ཞིག ས་ཆ་ནི་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པར་བརྟེན། གྲོང་ཚོ་མི་ཉུང་བར་རྩོད་གཞི་ཡང་སེ་ཐོན་གྱི་ཡོད་པ་རེད། ཁོང་གིས་གོས་ཐུང་བརྫེས་ནས་ལ་བརྒྱབ་ཀླུང་བརྒལ་གྱིས་ཞིང་ནང་དང་གྲོང་མིའི་སྒོ་རྩར་བསྐྱོད་ནས་ལམ་བསྐྲུན་རྒྱུའི་སྐོར་ལ་གྲོས་བསྡུར་བྱས། ཁོང་གིས། “གྲོང་མི་མང་པོའི་དབར་གཉེན་ཉེའི་འབྲེལ་བ་ཡོད་པས། ཤ་ཆད་ཀྱང་རྒྱུས་པ་ཆད་མི་སྲིད། དོན་དག་ཡོད་ན་གྲོས་བསྡུར་ཡག་པོ་བྱེད་དགོས”ཞེས་བཤད།

    “མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་བཏང་ནས་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་དགོས” ལོ་མང་རིང་། ཁོང་གིས་སྲིད་གཞུང་སྡེ་ཚན་དང་འབྲེལ་ཡོད་ཚན་པའི་ས་ནས་མ་དངུལ་སྒོར་ཁྲི་1000ལྷག་ཙམ་ཐབས་ཤེས་བཏང་སྟེ། གྲོང་ཚོའི་འགྲོ་ལམ་སྤྱི་ལེ་21དང་གྲོང་ཚོའི་ནང་གི་སྲང་ལམ་སྤྱི་ལེ་16.5ལ་ཨར་འདམ་ལམ་བཏིང་པ་དང་ལམ་སྒྲོན་460བསྒར་བ་རེད།

    མཐར་གཏུགས་ནས་བརྗོད་ཚེ། གྲོང་གསེབ་དར་རྒྱས་གཏོང་བར་ངེས་པར་དུ་སྔོན་ལ་ཐོན་ལས་དར་རྒྱས་གཏོང་དགོས། པའེ་ཀྲུའུ་གྲོང་ཚོའི་གྲོང་མིས་དེ་སྔ་ཨ་ཤོམ་དང་ཞོག་ཁོག་ཁོ་ན་འདེབས་ཀྱི་ཡོད་སྟབས་ཡོང་འབབ་ཉུང་ཉུང་རེད། མོ་རི་ཧྥ་ཡིས་གྲོང་ཚོའི་གནས་ཚུལ་ལ་གཞིགས་ནས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཐིལ་རྟོགས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆར་ལེགས་སྒྲིག་བྱས་པ་རེད།

    “བསྒུགས་ནས་བསྡད་ན་འཚོ་བ་སྐྱིད་པོ་སྐྱེལ་ཐབས་བྲལ་བས། ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་འབད་བརྩོན་བྱེད་དགོས” ཁོང་གིས་གྲོང་མི་དང་སྐྱིད་སྡུག་མཉམ་མྱོང་གིས་ལས་ཀ་ཧུར་ཐག་བྱེད་པ་དང་། “དངུལ་ཁང་དང་། ཚོང་དུད། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་འཚོལ་ཞིབ་བྱས་ཏེ། མའོ་ཀྭ་དང་ཏུང་ཧྲན་གྱི་ཕག་པ་སོགས་ཁྱད་ལྡན་འདེབས་གསོའི་ལས་རིགས་འཕེལ་རྒྱས་བཏང་བ་རེད། 2024ལོར། མའོ་ཀྭ་རྒྱ་མ་ཁྲི་36བྱུང་བར་གྲོང་མིའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར། “ཞིང་ལས་ཐོན་རྫས་ལ་རིན་གོང་ཡག་པོ་རག་ཆེད། ངས་རྨོངས་ཚོད་ཀྱིས་ཐད་གཏོང་བརྒྱུད་ཚོང་ཐབས་བྱས་པ་ཡིན”ཞེས་མོ་རི་ཧྥ་ཡིས་གད་མོ་དགོད་བཞིན་བརྗོད།

    དེ་དང་ཆབས་ཅིག ཁོང་གིས་གྲོང་མིར་ས་ཞིང་སོགས་མཉམ་ལས་ཁང་དུ་མ་རྐང་འཇོག་རྒྱུའི་ལྕག་སྐུལ་བྱས་ཏེ། གྲོང་མིར་འདེབས་གསོ་དང་ལས་སྣོན་རྟེན་གཞི་ཁག་16དང་ལིའི་ལྡུམ་ར་དང་ཇ་ཞིང་ལྡུམ་ར་སོགས་རོགས་སྐྱོར་འཁོར་ཁང་3བསྐྲུན་རོགས་བྱས་པར། གྲོང་མི་མ་རྐང་འཇོག་མཁན་ལ་གྱུར་པ་དང་ཐོན་ཁུངས་རྒྱུ་ནོར་ལ་གྱུར་པས། པའེ་ཀྲུའུ་གྲོང་ཚོའི་མི་རེའི་ཆ་སྙོམས་ལོ་རེའི་ཡོང་འབབ་2015ལོའི་སྒོར་3500ནས་མིག་སྔའི་སྒོར་ཁྲི་1.45བར་འཕར་ཡོད།

    འཚོ་བ་བདེ་ཞིང་སྐྱིད། ཐོན་ལས་དར་ཞིང་རྒྱས། སྔོན་ཆད་ཀྱི་ལུང་པ་དབུལ་པོ་དེར་ད་ལྟ་གསོན་ཤུགས་ཀྱིས་རབ་ཏུ་ཁེངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།