དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རོལ་དབྱངས་གཏམ་བརྗོད་ཟློས་གར《ཚགས་པར་ཞིག་གི་རི་འགོག་དམག་འཁྲུག》ཅེས་པ་ད་ལོར་པེ་ཅིང་དང་ཤང་ཀང་དུ་ཐོག་མར་འཁྲབ་སྟོན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། ཀྲུང་གོ་ཕྱི་ཕྱོགས་རིག་གནས་ཚོགས་པ་དང་ཤང་ཀང་ཏ་ཀུང་ཝུན་ཧུའེ་སྨྱན་སྦྱོར་ཚོགས་པས་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཕྱོགས་གཉིས་པོས་མཉམ་དུ་བཏོད་པའི་རོལ་དབྱངས་གཏམ་བརྗོད་ཟློས་གར《ཚགས་པར་ཞིག་གི་རི་འགོག་དམག་འཁྲུག》ཅེས་པ་ད་ལོར་པེ་ཅིང་དང་ཤང་ཀང་དུ་ཐོག་མར་འཁྲབ་སྟོན་བྱ་རྒྱུ་མ་ཟད། རི་འགོག་དམག་འཁྲུག་སྐབས《ཏ་ཀུང་ཚགས་པར》གཉེར་ཡུལ་ཐེན་ཅིན་དང་། ཧྲང་ཧའེ། ཝུའུ་ཧན། ཁྲུང་ཆིང་། ཀུའེ་ལིན་སོགས་སུ་འཁྲབ་སྟོན་བྱས་རྗེས་ཕྱི་རྒྱལ་དུའང་སྐོར་སྐྱོད་འཁྲབ་སྟོན་བྱ་རྒྱུ་རེད།

    དེ་ཉིན་པེ་ཅིང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཀྲུང་གོ་ཕྱི་ཕྱོགས་རིག་གནས་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀུའོ་ལི་ཆུན་གྱིས། ཟློས་གར་སྒྱུ་རྩལ་བརྒྱུད་ལྟད་མོ་བས་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་དེར་བསྐྱར་དྲན་ཐུབ་པར་སྣེ་ཁྲིད་དང་། མི་རིགས་བཅིངས་འགྲོལ་བྱ་གཞག་ཆེད་འབད་འཐབ་བྱེད་མཁན་གྱི་ཚགས་པར་གཉེར་མཁན་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ཞུས་ནས། མི་མང་པོས་རི་འགོག་དམག་འཁྲུག་རིང་གསར་འགྱུར་དང་རིག་གནས་ལས་དོན་པས་ཐོན་པའི་ནུས་པ་གལ་ཆེན་ཤེས་རྟོགས་དང“རིག་གནས་རི་འགོག་དམག་འཁྲུག”གི་ལོ་རྒྱུས་མངོན་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།