“ལེང་ཀྲུའུ་དང་འཛམ་གླིང་། གནའ་གྲོང་ལེང་ཀྲུའུ་དང་གནའ་གྲོང་རོ་མ”ཞེས་པའི་གླེང་མོལ་བྱེད་སྒོ་སྤེལ་བ།
ཚེས་6ཉིན། “ལེང་ཀྲུའུ་དང་འཛམ་གླིང་། གནའ་གྲོང་ལེང་ཀྲུའུ་དང་གནའ་གྲོང་རོ་མ”ཞེས་པའི་གླེང་མོལ་བྱེད་སྒོ་ཀྲེ་ཅང་ཧང་ཀྲོའུ་རུ་སྤེལ་ཞིང་། ཀྲུང་གོ་དང་དབྱི་ཐ་ལི་ནས་ཡོང་བའི་སྐུ་མགྲོན་110ལྷག་ཙམ་ལེང་ཀྲུའུ་རུ་འཛོམས་ཏེ“ཤེས་རིག་རྒྱུན་འཛིན་དང་མཉམ་གནས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གནའ་གྲོང་འཛུགས་སྐྲུན་དང་། ཤུལ་བཞག་སྲུང་སྐྱོང་། རིན་ཐང་བསྐྱར་འཕེལ་སོགས་ཀྱི་སྐོར་ལ་དཔྱད་བསྡུར་བྱས་པ་རེད།
ཟླ་7ཚེས་6ཉིན་ནི“ཧང་ཀྲོའུ་ཡི་ལེང་ཀྲུའུ་ཉིན་མོ”རེད། ཉེ་བའི་ལོ་ཤས་རིང་གནའ་གྲོང་ལེང་ཀྲུའུ་ཡིས“ལེང་ཀྲུའུ་དང་འཛམ་གླིང”གི་གླེང་མོལ་བྱེད་སྒོ་མུ་མཐུད་སྤེལ་བ་དང་དེ་འབྲེལ“ཧང་ཀྲོའུ་ཡི་ལེང་ཀྲུའུ་ཉིན་མོའི”བྱེད་སྒོ་གཙོ་བོར་བརྩི་གི་ཡོད། སླད་ཕྱིན་འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གཙོ་རྐང་དུ་བྱས་ཏེ། ལེང་ཀྲུའུ་ཡི་རིག་གནས་དང་རིག་རྩལ་བརྩམས་ཆོས་ཕྱི་རྒྱལ་དུ་ཐོན་པར་སྐུལ་འདེད་གཏོང་བ་སོགས་ཀྱི་རྣམ་པའི་ཐོག་ནས་ཀེ་རི་སེ་དང་། ཁུ་པ། པར་ཙིར་སོགས་རྒྱལ་ཁབ་དང་ས་ཁུལ་14རུ་བསྐྱོད་དེ་འཛམ་གླིང་ཤུལ་བཞག་གླེང་མོལ་ལས་སྟེགས་གསར་པ་དང་། རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཟམ་གསར་པ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པའི་སྐར་ཁུང་གསར་པ་བཅས་བདེ་བླག་ངང་བསྐྲུན་རྒྱུ་རེད།