དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2025ལོའི་མཚོ་སྔོན་གྱི་ཞིབ་སྦྱོང་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-09

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་7ཚེས་6ཉིན། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་རིག་གནས་དང་ཡུལ་སྐོར་པུའི་ཐོན་ཁུངས་གསར་སྤེལ་སི་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མཉམ་དུ་གཙོ་གཉེར་བྱས་པའི་2025ལོའི་ཞིབ་སྦྱོང་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

    ད་རེས་ཀྱི་བྱེད་སྒོས“ཀྲུང་གོར་མྱོང་རོལ། དབྱར་ཁར་ཡུལ་སྐོར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཧོ་པེ་དང་། ཧྲན་ཞི། ཧྥུའུ་ཅན། ཅི་ལིན། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཀོང་ཏུང་། སི་ཁྲོན། ཧྲའན་ཤིས། མཚོ་སྔོན་བཅས་ནས་ཡོང་བའི་རིག་གནས་དང་ཡུལ་སྐོར་སྡེ་ཚན་དང་དེ་བཞིན་ཀྲུང་གོ་ཡུལ་སྐོར་ཚོགས་པ་སོགས་ཁེ་ལས་ཀྱིས་ཞིབ་སྦྱོང་ཡུལ་སྐོར་ཐོན་རྫས་དང་། དབྱར་གསེང་གི་ཁྱད་ལྡན་བྱེད་སྒོ། གཟིགས་སྐྱོང་སྲིད་ཇུས་སོགས་ལ་དམིགས་ནས་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་ཡུལ་སྐོར་ཐོན་ཁུངས་གཙོ་གནད་ཐོག་འོས་སྦྱོར་བྱས་པས། ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་མཚོ་སྔོན་པོ་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་ཕན་འབྲས་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།