དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་གྲྭས་མི་འབོར་ཁྲི་300ལྷག་ལ་ཆུ་མཁོ་འདོན་བྱས་པ་མ་ཟད་སྐམ་ཞིང་མུའུ་ཁྲི་100ཆུ་ཞིང་དུ་བསྒྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-09

    ལོ་རེའི་སྤྱིའི་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་དུང་ཕྱུར་5.26དང་སྤྱིའི་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་100.49(སྤྱི་ཆིང་ཁྲི་6.7)ཟིན་རྒྱུ་ཡིན་པ་རེད།

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་གྲྭ་ཕྱོགས་ཡོངས་ནས་མཇུག་འགྲིལ་རྩིས་ལེན་བྱུང་སྟེ་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད། མཚོ་སྔོན་གྱི་ཆུ་རྒྱུད་བརྒལ་བའི་ཆུ་འདྲེན་ལས་གྲྭའི་རྣམ་གྲངས་ཆེ་ཤོས་དེ་ལེགས་གྲུབ་བྱུང་བ་ལས་མི་འབོར་ཁྲི་300ལྷག་ལ་ཕན་པ་ཐོབ་པ་དང་ཙོང་ཆུའི་བྱང་ངོགས་ཀྱི་སྐམ་ཞིང་མུའུ་ཁྲི་100ཆུ་ཞིང་དུ་བསྒྱུར་ནས། ས་གནས་དེ་གའི་ཞིང་པས་ལོ་ངོ་སྟོང་ཕྲག་རིང“གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བའི”ཐན་སྐམ་ཞིང་ལས་ཀྱི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ནས། མཚོ་སྔོན་གྱི་དམངས་འཚོའི་ཆུ་མཁོ་སྤྲོད་ལ་འགན་ལེན་གསར་པ་བྱུང་བ་མ་ཟད། ད་དུང་འཇུ་ལག་ཆུ་བོ་དང་ཙོང་ཆུའི་ཆུ་དྲ་ཕན་ཚུན་སྦྲེལ་མཐུད་ཐུབ་སྟེ་ཆུ་ཁུངས་སྤུས་ལེགས་ལ་བརྟེན་ནས་ཞིང་ཆེན་དེའི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ལ་ཉིན་རེར་ཆ་སྙོམས་ཏུན་ཁྲི་50ཟིན་པའི་གྲོང་ཁྱེར་འཚོ་བའི་ཆུ་མཁོ་འདོན་ལས་འགན་ཡོངས་སུ་བསྒྲུབས་ཡོད་པས། གྲོང་ཁུལ་གྱི་ས་འོག་ཆུ་ཁུངས་བརྗེ་རེས་ཐུབ་པ་དང་དུས་མཚུངས་ཙོང་ཆུའི་འབབ་རྒྱུད་ཀྱི་དུང་ཕྱུར་སྟོང་ཕྲག་རིམ་པའི་ཐོན་ལས་ཁྱུ་ཚོགས་གཉིས་ཀྱི་ཆུ་སྤྱོད་དགོས་མཁོ་ཡང་འགན་ལེན་བྱུང་ནས། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཉིས་ཀ་ཐུབ་སྟེ། མཚོ་སྔོན་ལ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་བློས་འགེལ་ཆོག་པའི་ཆུའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་གྲྭ་འཁོར་སྐྱོད་བྱེད་འགོ་ཚུགས་པ་དེས་ཙོང་ཆུའི་འབབ་རྒྱུད་ཀྱི་ཞིང་ལས་དང་། བཟོ་ལས། སྐྱེ་ཁམས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བ་བཅས་ལ་ཆུ་མཁོ་འདོན་ཐུབ་རྒྱུ་དང་། ལོ་རེའི་སྤྱིའི་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་དུང་ཕྱུར་5.26དང་སྤྱིའི་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་100.49(སྤྱི་ཆིང་ཁྲི་6.7)ཟིན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།