དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་ཟས་སྤྱོད་ལུགས་མཐུན་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-09

    ཉིན་ཤས་གོང་། གསར་འགོད་པར་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས“ཟས་སྤྱོད་ལུགས་མཐུན། གྲོན་ཆུང་ལ་བརྟེན་ནས་ཀུན་སྤྱོད་སྐྱོང་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། ཟས་སྤྱོད་ལུགས་མཐུན་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་པ་རེད། མིག་སྔའི་བར། བཟའ་བཏུང་ཚན་པའི་བཟའ་བཅའི་བདེ་འཇགས་དང་དེ་བཞིན་བཟའ་བཏུང་འཕྲོ་བརླག་བཀག་འགོག་དང་དེར་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་དེ་བཟའ་བཏུང་ཚན་པ་2540ལྷག་ཙམ་ལ་ཁྱབ་པ་དང་། བཟའ་བཏུང་འཕྲོ་བརླག་བཀག་འགོག་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་ཐེངས་1150ལྷག་ཙམ་སྤེལ་བ། མི་ཐེངས་ཁྲི་13.2ལྷག་ཙམ་ལ་དྲིལ་བསྒྲགས་བྱས་པ། དྲིལ་བསྒྲགས་དངོས་རྫས་སྣ་ཚོགས་དང་། དྲིལ་བསྒྲགས་རྒྱ་ཁྱབ་བརྡ་སྦྱོར། ལག་དེབ་སོགས་ཁྲི་6.4ལྷག་ཙམ་སྤྲད་པ། བཟའ་བཏུང་ཞབས་ཞུའི་སྡེ་ཚན་གྱིས་མངོན་གསལ་དོད་སར་བཟའ་བཏུང་འཕྲོ་བརླག་བཀག་འགོག་བྱེད་པའི་དྲིལ་བསྒྲགས་རྒྱ་ཁྱབ་བརྡ་སྦྱོར་8000ལྷག་ཙམ་སྦྱར་བར་ལྟ་སྐུལ་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས“ཤེས་དཔལ་ཡར་ཐོན་གྱི་སྤྱོད་ཚུལ་གསར་པ་འཛུགས་སྐྱོང་དང་བདེ་ཐང་དང་བདེ་སྐྱིད་ཀྱི་འཚོ་བ་གོང་དུ་བཀུར་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། 《ལྷོ་ཁ་གྲོང་ཁྱེར་གྱི“ཟས་སྤྱོད་ལུགས་མཐུན། གྲོན་ཆུང་ལ་བརྟེན་ནས་ཀུན་སྤྱོད་སྐྱོང་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ལག་བསྟར་ཇུས་གཞི》བཏོན་པ་དང་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། ལས་འགན་ཁ་གསལ་བཟོས་པ་དང་བླང་བྱ་བཏོན་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱས་པ་རེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བྱ་སྤྱོད་མགྱོགས་མྱུར་སྤེལ་ནས་ཁྲོམ་ར་དང་། གྲོང་སྡེའི་ཁྲོམ་ར། བཟའ་བཏུང་ཚན་པ། ལས་ཁུངས་ཀྱི་ཟ་ཁང་། སློབ་གྲྭ སྡེ་ཁུལ་བཅས་སུ་བསྐྱོད་དེ“ཟས་སྤྱོད་ལུགས་མཐུན། གྲོན་ཆུང་ལ་བརྟེན་ནས་ཀུན་སྤྱོད་སྐྱོང་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།