དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ལ“རི་ལ་བདག་སྐྱོང་བྱེད་མཁན་ཡོད་པ་དང་། ནགས་ཚལ་སྲུང་མཁན་ཡོད་པ། འགན་འཁྲི་འཁུར་མཁན་ཡོད་པ”

    “གྲངས་འཛིན་ནགས་དཔོན”གྱིས་སྐྱེ་ཁམས་སྲུང་སྐྱོང་གི་དྲ་བ་ཚགས་དམ་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-09

    ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་རྩེ་པ་ཤང་ཤ་རུ་གྲོང་ཚོའི་ནགས་རིའི་གསེབ་ཏུ་ནགས་དཔོན་བུ་ཆུང་གིས་ལག་ཐོགས་ཁ་པར་ནས“ཆབ་མདོའི་ནགས་དཔོན་གྱིས་ནགས་ཚལ་སྐོར་ཞིབ་ཀྱི་APP”བྱང་ཆུབ་པོས་ཁ་འབྱེད་བཞིན་བརྙན་ཤེལ་བརྒྱུད་རྟགས་བཤེར་གཱ་ཐོ་འགོད་བྱས་ཏེ་སྐོར་སྲུང་གནས་ཚུལ་དང་ཤེས་རྟོགས་བྱུང་བའི་གནད་དོན་དག་འཕྲལ་དུ་སྤྲིན་རྩིས་སུ་ཟིན་ཐོར་བཀོད། བལྟས་ན་སྟབས་བདེ་བའི་བྱེད་སྟངས་འདི་ལས་གོ་འཇོ་རྫོང་གི་ནགས་ལས་དོ་དམ་ཤོག་བུར་ཟིན་ཐོ་འགོད་པ་དངོས་སུ་མཇུག་འགྲིལ་ནས་ཕྱོགས་ཡོངས་ནས་གྲངས་འཛིན་ཅན་གྱི་ནགས་ཚལ་སྐོར་ཞིབ་བྱེད་འགོ་ཚུགས་པ་མཚོན་ཡོད།

    “དེ་སྔ་གནད་དོན་ཤེས་རྟོགས་བྱུང་སྐབས་ང་ཚོས་རིམ་པ་བཞིན་ཁ་པར་བརྒྱབ་ནས་སྙན་སེང་ཞུ་བ་དང་ཐག་གཅོད་བཀའ་རྒྱ་སྒུག་དགོས་པས་དུས་ཚོད་འཕྲོ་བརླག་འགྲོ་ལ་ལས་ཀ་སྒྲུབ་ཁག་པོ་འདུག ད་ལྟ་ལག་ཐོགས་ཁ་པར་ནས་པར་བསྐུར་ན་གནས་ཡུལ་དང་གནས་ཚུལ་གསལ་ཐག་ཆོད་མཐོང་ཐུབ་པ་དང་། གོང་རིམ་གྱི་ལན་མགྱོགས་པོ་དང་ཐག་གཅོད་ཀྱི་འཕེལ་རིམ་དུས་ཐོག་ཏུ་ཞིབ་བཤེར་ཐུབ་ཀྱི་འདུག”ཅེས་རྩེ་པ་ཤང་ཤ་རུ་གྲོང་ཚོའི་ནགས་དཔོན་བུ་ཆུང་གིས་བརྗོད་པ་དང་། ཁོང་ལ་གྲངས་འཛིན་ཅན་ལས་བྱུང་བའི་འགྱུར་ལྡོག་ཆེན་པོ་མྱོང་ཚོར་ཟབ་མོ་བྱུང་ཡོད། བུ་ཆུང་དང་ཁོང་ཚོའི་སྐོར་ཞིབ་རུ་ཁག་གི་སྟབས་བདེ་དེ་ནི་གོ་འཇོ་རྫོང་གིས་ཞིབ་ཚགས་ངང་བཏོད་པའི“རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ནགས་དཔོན་དང་དྲ་མིག་ནགས་སྲུང་བ་ཟུང་དུ་འབྲེལ་བའི”འགན་འཁྲིའི་མ་ལག་ལས་བྱུང་བ་རེད། རྫོང་ཡོངས་ཀྱི་རྫོང་རིམ་པའི་ནགས་དཔོན་30དང་། ཤང་རིམ་པའི་ནགས་དཔོན་94 གྲོང་ཚོ་རིམ་པའི་ནགས་དཔོན་579བཅས་ཀྱིས་དྲ་མིག་ནགས་སྲུང་བ་5056གི་སྣེ་ཁྲིད་དེ་གསར་དུ་བཏོད་པའི“རྫོང་རིམ་པའི་ནགས་དཔོན་1གིས་ཤང་རིམ་པའི་ནགས་དཔོན་3ལ་སྐུལ་ཁྲིད་དང་། གྲོང་ཚོ་རིམ་པའི་ནགས་དཔོན་19དང་དེ་བཞིན་ནགས་སྲུང་བ་168ལ་ཁྱབ་པའི”དྲ་རྒྱའི་བྱ་ཐབས་བརྒྱུད། “རི་ལ་དོ་དམ་བྱེད་མཁན་ཡོད་པ་དང་། ནགས་ཚལ་སྲུང་མཁན་ཡོད་པ། འགན་འཁྲི་འཁུར་མཁན་ཡོད་པ”བཅས་ཁུག་ཆ་མི་ལུས་པར་ཁྱོན་ཡོངས་ལ་ཁྱབ་ཡོད།

    འདི་ལོའི་ཟླ་5པའི་ཟླ་མཇུག་བར། རྫོང་རིམ་པའི་ནགས་དཔོན་གྱིས་སྣེ་ཁྲིད་དེ་ནགས་ཚལ་སྐོར་ཞིབ་ཐེངས་41བྱས་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ནགས་དཔོན་གྱིས་ནགས་ཚལ་སྐོར་ཞིབ་ཐེངས་4888བྱེད་པར་སྐུལ་ཁྲིད་བྱས་ཡོད། གྲངས་འཛིན་ཅན་གྱི་ནགས་ཚལ་སྐོར་ཞིབ་རྒྱུན་རྣམ་ཅན་ལ་འགྱུར་བ་དང་ཡུན་རིང་ཕན་འབྲས་ཐོན་པའི་འགན་ལེན་བྱ་ཆེད། གོ་འཇོ་རྫོང་གིས“གཟའ་འཁོར་རེར་བཀོད་གཏོང་དང་ཟླ་རེར་བརྡ་ཁྱབ་གཏོང་བའི”ཁ་གསལ་ཅན་གྱི་དཔྱད་ཞིབ་ལམ་སྲོལ་བཙུགས་ནས་ནགས་ཚལ་སྐོར་ཞིབ་ཐེངས་གྲངས་དང་། ལས་ཤུལ་ཁེབས་ཚད། གནད་དོན་ཐག་གཅོད་བྱེད་ཚད་སོགས་དམིགས་ཚད་ཁག་12ལ་དོ་དམ་ནན་པོ་བྱས་ཡོད།

    སྐོར་སྲུང་གནས་ཚུལ་དེ་གནད་འཁེལ་གྲངས་གཞིར་བརྩིས་པ་དང་། ནགས་རི་སྲུང་སྐྱོང་དང་སྤྲིན་རྩིས་དྲ་རྒྱ་ཟུང་འབྲེལ་དམ་ཟབ་བྱས་ཤིང་། གོ་འཇོ་རྫོང་གིས“གྲངས་འཛིན་ནགས་དཔོན”དམ་འཛིན་བྱེད་གཞིར་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་ཞིབ་ཚགས་ཅན་དང་རིག་ནུས་ཅན་གྱི་ལེའུ་གསར་པ་བརྩམས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པར་སྟོབས་ཤུགས་ཆེན་པོ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།