དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་གྲོང་སྲིད་ཟམ་ཆེན་དུ་རླངས་འཁོར་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-09

    ཉེ་ཆར་ཀྲུང་གོ་འགྲིམ་འགྲུལ་ལས་གྲྭ་ཅུས་དང་པོའི་ཀུང་སི་དྲུག་པས་སྐྲུན་འགན་འཁུར་བའི་སྤུ་ཧྲེང་རྫོང་གི་གྲོང་སྲིད་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་ཀྱི་ལམ་ཐག་ཧྲིལ་པོར་རིང་ཚད་ལ་སྨི་790.93ཡོད། དེའི་ནང་ཟམ་པ་གཙོ་བོའི་རིང་ཚད་ལ་སྨི་428ཡོད་པ་དང་ཟམ་ཞེང་ལ་སྨི་420ཟིན་པ་དེ་ནི་མངའ་རིས་ས་ཁུལ་གྱི་གྲོང་སྲིད་ཟམ་པ་ཆེ་ཤོས་རེད།

    ཟམ་ཆེན་བསྐྲུན་རྗེས་གྲོང་ཁྱེར་ངོགས་གཉིས་སྦྲེལ་མཐུད་ཐུབ་ནས་སྤུ་ཧྲེང་རྫོང་གྲོང་གི་འགྲིམ་འགྲུལ་ལྟེ་བ་གལ་ཆེན་དུ་གྱུར་ཏེ་སྤུ་ཧྲེང་རྫོང་གི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་གཏོང་བ་དང་ས་ཁོངས་ཀྱི་བཀོད་པ་ལེགས་སུ་ཕྱིན་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།