དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་དུ་རྒྱལ་སྒྲོལ་གཏོང་སྤྲོད་ཀུན་སྒྲུབ་ཀྱི་ལས་སྒོ་ཐོག་མ་གཉེར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-09

    ཉིན་ཤས་གོང་། ཀྲུང་གོ་མི་དམངས་དངུལ་ཁང་དང་ཤང་ཀང་དངུལ་རྩ་དོ་དམ་ཅུས་ཀྱིས་མཉམ་དུ་སྐུལ་འདེད་བཏང་བའི་འོག ནང་ས་དང་ཤང་ཀང་གཉིས་དབར་འཕྲལ་མར་གཏོང་སྤྲོད་མ་ལག་ཕན་ཚུན་སྦྲེལ་མཐུད་ལས་སྒོ(གཤམ་དུ“རྒྱལ་སྒྲོལ་གཏོང་སྤྲོད་ཀུན་སྒྲུབ”ཞེས་པར་བསྡུ་རྒྱུ)དྲ་ལམ་ནས་དངོས་སུ་གཉེར་འགོ་ཚུགས་པ་རེད། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་མཛུབ་སྟོན་འོག ཀྲུང་གོ་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་། ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་སོགས་ཚོད་ལྟའི་དངུལ་ཁང་མང་པོས་སྲིད་ཇུས་ལ་བརྡ་ལན་ཧུར་ཐག་ཞུས་པས། བོད་དུ་རྒྱལ་སྒྲོལ་གཏོང་སྤྲོད་ཀུན་སྒྲུབ་ཀྱི་ལས་སྒོ་གཉེར་རྒྱུར་སྐུལ་འདེད་ཐུབ་ཡོད།

    རྒྱལ་སྒྲོལ་གཏོང་སྤྲོད་ཀུན་སྒྲུབ་ཀྱི་ལས་སྒོ་ཐོག་མ་བོད་དུ་གཉེར་འགོ་ཚུགས་པ་དེས། ས་གནས་ཀྱི་གྲོང་མིར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་རྒྱུ་མ་ཟད། རྒྱལ་མཚམས་སྒྲོལ་བའི་བོད་ཀྱི་དངུལ་རྩའི་ཞབས་འདེགས་ཞུ་ནུས་ཀྱང་ཆེ་རུ་འགྲོ་བར་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད།

    ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས། “གོམ་སྟབས་རྗེས་མར། ཀྲུང་གོ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་མཚམས་སྒྲོལ་བའི་བོད་ཀྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོར་གཞི་ཚུགས་ཏེ། རྒྱལ་མཚམས་སྒྲོལ་བའི་མི་དམངས་ཤོག་སྒོར་སྟབས་བདེ་ཅན་གྱི་སྤུས་འབྲས་ལེགས་གཉེར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དེ་བས་བདེ་འཇགས་དང་། ནུས་ཆེ། སྟབས་བདེ་བཅས་ལྡན་པའི་རྒྱལ་སྒྲོལ་དངུལ་རྩའི་ཞབས་འདེགས་ཞུ་གི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།