དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སེ་ཧྲེར་གྱི་ཙུང་ཐུང་གིས་བརྗོད་དོན།

    སེ་ཧྲེར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ནི་སེ་ཀྲུང་མཛའ་གྲོགས་ཀྱི་འབྲེལ་ཟམ་དང་ཕོ་ཉ་རེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-08

     རྒྱལ་ས་ཝེ་ཁེ་ཐོ་རུའེ་ཡ་ནས་གནས་ཚུལ་སྤེལ་གསལ། ཚེས་4ཉིན་སེ་ཧྲེར་གྱི་ཙུང་ཐུང་ལཱ་མུའུ་ཁཱ་ལཱ་ཝང་གིས། སེ་ཧྲེར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ནི་སེ་ཀྲུང་མཛའ་གྲོགས་ཀྱི་འབྲེལ་ཟམ་དང་ཕོ་ཉ་ཡིན་པས། སེ་ཧྲེར་གྱི་དམངས་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད་ཅེས་བརྗོད།

    དེ་ཉིན་ལཱ་མུའུ་ཁཱ་ལཱ་ཝང་གིས་སེ་ཧྲེར་གྱི་རྒྱལ་ས་ཝེ་ཁེ་ཐོ་རུའེ་ཡ་རུ་སེ་ཧྲེར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་བཅུ་དགུ་པ་དང་ཐུག་འཕྲད་བྱས་ནས་རུ་མི་ཚོས་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། སང་ལོ་ནི་སེ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཞིག་ཡིན་པས། ཕྱོགས་གཉིས་པོས་སྤྱི་པའི་འཕྲོད་བསྟེན་དང་། ཐད་གཏོང་མཁའ་ལམ། ཡུལ་སྐོར། ཚོང་དོན་སོགས་ཁྱབ་ཁོངས་སུ་མཉམ་ལས་དེ་བས་རྒྱ་ཁྱབ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    སེ་ཧྲེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིན་ནན་གྱིས། ད་ལོ་ནི་སེ་ཧྲེར་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་མངགས་ནས་ལོ་ངོ་40འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་སེ་ཧྲེར་ཕྱོགས་དང་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་མུ་མཐུད་མཉམ་ལས་གཏིང་ཟབ་བྱས་ནས། འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།