ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་གིས་བོད་དུ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་གཙོ་གནད་རྣམ་གྲངས་ཀྱི་འབྲེལ་སྦྱོར་ཚོགས་འདུ་ཚོགས་པ།
ཟླ་7ཚེས་2ཉིན་ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་གིས་བོད་རང་སྐྱོང་ལྗོངས་ས་གནས་དངུལ་རྩ་དོ་དམ་ཅུས་དང་རྒྱལ་ཁབ་གཞུང་རྒྱུ་ཨུ་ལྷན་དང་མཉམ་དུ་ལྷ་སར་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་གཙོ་གནད་རྣམ་གྲངས་ཀྱི་འབྲེལ་སྦྱོར་ཚོགས་འདུ་འཚོགས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་གི་ཀྲུའུ་རེན་ཝུའེ་ཤིའུ་ཁྲང་གིས་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་པ་དང་། ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་ཧང་ཀྲང་ལིའུ་ཅན་ཅུན་དང་བཅས་པ་ཚོགས་འདུར་ཞུགས་པ་རེད།
སྦྲག་སྲིད་གསོག་འཇོག་དངུལ་ཁང་དང་བོད་དུ་ཡོད་པའི་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བའི་ཐད་མུ་མཐུད་བྱས་རྗེས་གསར་པ་བཞག་ནས་དངུལ་རྩ་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་དང་། དངུལ་རྩའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བའི་ཐད་འགན་འཁྲི་གསར་པ་ལག་ལེན་བསྟར་བ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བའི་ཐད་མིག་དཔེ་གསར་པ་འདོན་ཐུབ་པར་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་བློ་ཁ་གཅིག་མཐུན་དང་བསམ་སྤྱོད་གཅིག་མཐུན་ཡོང་བར་བྱས་ནས། བོད་ཀྱི་དངུལ་རྩའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད།