དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཚེ་སྲོག་གི་འབྱུང་གནས། འདབ་ཆགས་ཀྱི་ཞིང་ཁམས།

    —— མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ་མཚོ་སྔོན་ཡུག་ཁུལ་གྱི་འདབ་ཆགས་ཀྱི་ཟིན་ཐོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-07

    མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཀྲང་ཏུའོ་ཅུན། ཚེ་མགོན་སྐྱབས། དབྱང་ཧུང་ཞ།

    སྐྱེ་ཁམས་ཀྱི་སྒལ་ཚིགས་ཤིག་ལྟར་མཚོ་བོད་ས་མཐོ་དང་། སོག་ཤིན་ས་མཐོ། ས་སེར་ས་མཐོ་བཅས་འཕྲེད་དུ་བཅད་པའི་མདོ་ལ་རིང་མོ་ནི་ནུབ་བྱང་ས་ཆའི་ཆུ་བོ་ཀུན་གྱི་འབྱུང་ཁུངས་ཡིན་ལ། སྐྱེ་དངོས་སྣ་མང་གི་རྒྱུད་གཞིའི་མཛོད་ཀྱང་ཡིན། ས་བབ་མཐོ་དམའི་ཧེ་བག་སྨི་3000ཙམ་ཡོད་པའི་ས་ཆ་དེར་བྱེ་ཐང་དང་རྩྭ་ཐང་ནས་རི་མཐོ་འཁྱགས་རོམ་བར་གྱི་སྐྱེ་ཁམས་མ་ལག་ཆ་ཚང་ཞིག་གྲུབ་ཡོད་པས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་དམིགས་བསལ་ས་ཁོངས་32ཁྲོད་ཀྱི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་གནས་ཤིག་ཏུ་གྱུར་ཡོད།

    མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་འགོ་ཚུགས་ཚུན། མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་ཁྲུང་ཁྲུང་སྐེ་ནག་གིས་གཙོས་པའི་འདམ་རའི་འདབ་ཆགས་དང་། ལྕང་སྲེག་དང་མགྲིན་དམར་སྲེག་ཆུང་སོགས་བྱ་རིགས་ཆུང་གྲས། ནགས་ཁུལ་དང་རྩྭ་ཐང་གི་འདབ་ཆགས་སོགས་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱས་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ་མཚོ་སྔོན་ཡུག་ཁུལ་གྱི་འདམ་རར་ཁྱོན་འདབ་ཆགས་རིགས་63ཡོད་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་འདབ་ཆགས་རིགས་8ཟིན་ཐོར་བཀོད་ཡོད། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་དང་ཀྲུང་ནག་གཉིས་སྐྱེ་ཁམས་ཀྱི་ཆར་བརྟག་ཡོ་བྱད་དང་འདྲ་ལ། ངུར་པ་དང་ངང་པ་མགོ་ཁྲ་གཉིས་འདམ་རའི་གཉུག་མའི་སྡོད་དམངས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།