ཟླ་བ་དང་པོ་ནས་ལྔ་པའི་བར་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཙོ་བོའི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་བྱེད་ཚད་སྒོར་དུང་ཕྱུར་6361ཟིན་པ།
ཉེ་ཆར། རྒྱལ་ཁབ་ཁྲལ་དོན་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཙོ་བོའི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་བྱེད་ཚད་སྒོར་དུང་ཕྱུར་6361ཟིན་ཡོད་པ་རེད།
དེའི་ནང་། མཐོ་གསར་ལག་རྩལ་ཁེ་ལས་ལ་15%ཡི་ཁྲལ་ཚད་གཞིར་བཟུང་ཁེ་ལས་ཀྱི་རང་སྐལ་དཔྱ་ཁྲལ་བསྡུ་བ་སོགས་མཐོ་གསར་ལག་རྩལ་ཁེ་ལས་དང་གསར་དར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལ་བརྟེན་ནས་དཔྱ་ཁྲལ་སྒོར་དུང་ཕྱུར་1407ཆག་ཡང་བཏང་བ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁེ་ལས་ལ་གནས་ཐང་འཕར་ཁྲལ་གཅོག་འཕྲི་སོགས་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལ་བརྟེན་ནས་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་སྒོར་དུང་ཕྱུར་4158བྱས་ཡོད། གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་ནས་ལྔ་པའི་བར་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་14.2%འཕར་ཡོད་པ་རེད།