ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་དོ་པོ་ཁྲི་2.5སི་ཁྲོན་དང་། ཀན་སུའུ། ལེའོ་ཉིང་སོགས་ལ་སྤྲད་པ།
ཉེ་ཆར། སི་ཁྲོན་དང་། ཀན་སུའུ། ལེའོ་ཉིང་སོགས་སུ་དྲག་ཆར་བབས་ནས་ཆུ་ལོག་དང་ས་གཤིས་གནོད་འཚེ་སོགས་ཐོན་ཡོད། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་འབྲུ་རིགས་དང་བཟའ་བཅའ་གྲབས་གསོག་ཅུས་དང་མཉམ་དུ་ཞིང་ཆེན་གསུམ་ལ་ལྟེབ་ཁྲི་དང་། ཀམ་པ་ལི། ཁྱིམ་ཚང་གི་འཕྲལ་སྡོམ་ཁུག་མ་སོགས་ཀྲུང་དབྱང་གི་རོགས་སྐྱོབ་དངོས་ཟོག་དོ་པོ་ཁྲི་2.5སྤྲད་ནས་ས་གནས་དེ་གས་གནོད་འཚེ་ཕོག་མཁན་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་གེགས་སེལ་རོགས་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་ཡོད།