དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་མཁོ་རྒྱ་ཆེར་བཏང་སྟེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པས་ཕན་འབྲས་ཐོན་པ།

    ཟླ་བ་དང་པོ་ནས་ལྔ་པའི་བར་ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་ཆས་རིགས་ཀྱི་ཚོང་ཟོག་སིལ་ཚོང་གི་དངུལ་འབོར་30.2%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-07

     ཉེ་ཆར། ཀྲུང་གོའི་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གསར་ཤོས་ཁྱབ་བསྒྲགས་བྱས་ཤིང་། གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་ནས་ལྔ་པའི་བར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་9.27ཟིན་ཏེ་དུས་མཚུངས་ལས་4.7%འཕར་ཡོད། ཁེ་བཟང་སྒོར་དུང་ཕྱུར་5314.5བྱུང་སྟེ་དུས་མཚུངས་ལས་2.8%འཕར་ནས། ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཡོད།

    རྒྱལ་ནང་གི་ཁྲོམ་རའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ཞིང་། ད་ལོ་ནས་བཟུང་། ནང་མཁོ་རྒྱ་ཆེར་བཏང་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་བསྟུན་ནས་རྒྱལ་ནང་གི་འཛད་སྤྱོད་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ་ཁྲོམ་རའི་གསོན་ཤུགས་རིམ་བཞིན་ཆེ་རུ་སོང་ཡོད། ཟླ་བ་དང་པོ་ནས་ལྔ་པའི་བར། ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་རིགས་11གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་35136ཟིན་ཏེ་དུས་མཚུངས་ལས11.9%འཕར་བ་དང་འཕར་ཚད་ཟླ་བ་དང་པོ་ནས་བཞི་པའི་བར་ལས་བརྒྱ་ཆའི་གྲངས་1.2མགྱོཌ་སུ་ཕྱིན་ཡོད།

    ཁྱིམ་སྤྱོད་གློག་ཆས་ཁྱབ་ཁོངས་ལ་བལྟས་ན། ཟླ་བ་དང་པོ་ནས་ལྔ་པའི་བར། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་ཆས་རིགས་ཀྱི་ཚོང་ཟོག་སིལ་ཚོང་བསྡོམས་འབོར་30.2%འཕར་བ་དང་ལོ་གོང་མའི་ཟླ་9པ་ནས་བཟུང་གྲངས་གནས་གཉིས་ཀྱི་འཕར་ཚད་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ཁྱིམ་སྤྱོད་གློག་ཆས་ཐོན་རྫས་ཀྱི་སིལ་ཚོང་ལེགས་སུ་ཕྱིན་ཏེ་ད་དུང་ཐོན་སྐྱེད་ཕྱོགས་སུ་སྔར་བས་བརྒྱུད་སྤྲོད་བྱས་ཡོད། ཟླ་བ་དང་པོ་ནས་ལྔ་པའི་བར་ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་འཕར་ཐང་6.9%འཕར་བ་དང་། གོས་འཁྲུའི་འཕྲུལ་ཆས་དང་། འཐུང་ཆུའི་འཕྲུལ་ཆས། མཁའ་རླུང་སྙོམས་ཆས་བཅས་ཀྱི་ཐོན་རྫས་ཀྱི་ཐོན་འབོར་དེ་9.3%དང་། 7.9% 5.9%བཅས་སོ་སོར་འཕར་ཡོད། ཟླ་བ་དང་པོ་ནས་ལྔ་པའི་བར་ཁྱིམ་སྤྱོད་གློག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་6.0%འཕར་ཡོད།

    ཟླ་བ་དང་པོ་ནས་ལྔ་པའི་བར་ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་3732.1ཟིན་པ་དེ་དུས་མཚུངས་ལས་0.5%འཕར་ཡོད། ཡང་བའི་བཟོ་ལས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་གིས་དཀའ་ངལ་ཁྱད་བསད་བྱས་ཏེ་མདུན་སྐྱོད་ཀྱིས་མུ་མཐུད་དུ་འཕར་ཆག་དོ་སྙོམས་ཡོང་བར་བྱས་ཡོད། ཡང་བའི་བཟོ་ལས་ཀྱི་ལས་རིགས་ཆེ་གྲས་21ནང་ལས་རིགས་10ཡི་ཕྱིར་གཏོང་དངུལ་འབོར་དུས་མཚུངས་ལས་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།