དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དབྱར་འབྲུ་འདེབས་ཚད་བཅུ་ཆ་བརྒྱད་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-07

    ཟླ་7ཚེས་1ཉིན། ཞིང་ལས་ཐོན་སྐྱེད་གནས་ཚུལ་བཀོད་གཏོང་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་དབྱར་འབྲུ་བཅུ་ཆ་དགུ་ཙམ་བསྡུས་ནས་དགུན་གྲོ་སྤྱིར་ན་བསྡུས་ཟིན་ཡོད། རྒྱལ་ཡོངས་ཀྱི་དབྱར་འབྲུ་འདེབས་ཚད་བཅུ་ཆ་བརྒྱད་ལྷག་ཙམ་ཟིན་ཞིང་། དུས་ཚིགས་གཉིས་ཀྱི་ཕྱི་སྨིན་ཆུ་འབྲས་ཟླ་བ་བདུན་པའི་ཟླ་དཀྱིལ་དང་ཟླ་སྨད་དུ་འདེབས་འགོ་ཚུགས་པ་ཕུད། དབྱར་འདེབས་ཨ་ཤོམ་དང་། བར་སྨིན་ཆུ་འབྲས། དབྱར་འདེབས་སྲན་ཆེན་བཅས་སྤྱིར་ན་འདེབས་མཇུག་འགྲིལ་ཡོད། འདི་ནི་ཧུའུ་ནན་ཞིང་ཆེན་ཧོའེ་ཧྭ་གྲོང་ཁྱེར་ཐུང་ཏའོ་ཏུང་རིགས་རང་སྐྱོང་རྫོང་གི་ཞིང་པས་ཞིང་ནང་དུ་འབྲས་ལྗང་འཛུགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།