དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་སོག་ཝུའུ་ཧའེ་གྲོང་ཁྱེར་གྱིས། སྐོར་སྐྱོད་གཞུང་ལས་བསྒྲུབས་ནས་གཞི་རིམ་གྱི་དཀའ་གནད་སེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-07

    སྒྲོག་ཙེ་རྐུབ་སྟེགས་ཆ་ཚང་གཅིག་དང་སྦྱར་ཚིག་གཅིག་ལས་གྲུབ་པའི“སྐོར་སྐྱོད་གཞུང་ལས་སྒྲོག་ཙེ”དེ་ད་ལྟའི་ཆར་ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཁྱེར་གྱི་ཡུལ་མིའི་ཁུལ་ཆུང་དང་བཟོ་ལས་གླིང་ཁུལ་སོགས་སུ་རྒྱུན་དུ་མཐོང་རྒྱུ་ཡོད་ཅིང་། དེ་གར་དམངས་ཀྱི་གནས་ཚུལ་དང་འདོད་བློ་རྒྱ་ཁྱབ་ཏུ་བསྡུ་རུབ་བྱས་ནས་མང་ཚོགས་ཀྱི་སྒོ་རྩར་ཞབས་འདེགས་ཞུ་ཡི་ཡོད་པ་རེད།

    ད་ལོའི་ཟླ་3པ་ནས་བཟུང་། ཝུའུ་ཧའེ་གྲོང་ཁྱེར་ཝུའུ་ཏ་ཆུས་དབྱི་ཅིང་ཅ་ཡོན་སྡེ་ཁུལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཕང་ཅིང་གིས“སྐོར་སྐྱོད་གཞུང་ལས་སྒྲོག་ཙེ”བརྒྱུད་བསྡུ་རུབ་བྱས་པའི་གནས་ཚུལ་ཁྲོད་སྡེ་ཁུལ་ནང་གི་ཝེ་པང་ཅ་ཡོན་ཁུལ་ཆུང་གི་འཐུང་ཆུའི་དཀའ་ངལ་སེལ་རྒྱུའི་སྐོར་གྱི་རེ་འདུན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཤེས་རྟོགས་བྱུང་། “ང་ཚོ་དུད་ཚང་དུ་བསྐྱོད་ནས་བཅར་འདྲི་བྱེད་སྐབས། ཁུལ་ཆུང་གི་ཐོག་སོ་བཞི་པ་ཡན་གྱི་ཡུལ་མིར་མཚོན་ན། ཆུ་སྤྱོད་མཁན་མང་བའི་དུས་སུ་ཆུ་ཤུགས་ཆུང་བའི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་། བསྡོམས་རྩིས་བྱས་པ་བརྒྱུད་ཁྱོན་དུད་ཚང་252འདུག”ཅེས་ཕང་ཅིང་གིས་བཤད།

    སྡེ་ཁུལ་གྱིས་མྱུར་དུ་གནད་དོན་ཐག་གཅོད་ཀྱི་ལམ་སྲོལ་ལག་བསྟར་བྱས་ནས་ཝུའུ་ཏ་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་དང་། ཆུ་ཀ་ལ་ཀུང་སི། དེ་བཞིན་ཁུལ་ཆུང་དེའི་འཛུགས་སྐྲུན་ཕྱོགས་སོགས་གདན་དྲངས་ནས་མཉམ་དུ་ཡུལ་མིའི་ཁྱིམ་དུ་བསྐྱོད་པ་དང་ཆུ་གཏོང་མ་ལག་ལ་ཞིབ་བཤེར་བྱས་ཤིང་། ལག་རྩལ་པས་ཁུལ་ཆུང་དུ་ཆུ་འཐེན་འཕྲུལ་ཆས་མེད་པས་ཆུ་ཤུགས་མི་འདང་བར་གྱུར་ནས་ཆུ་སྤྱོད་མཁན་མང་ཤོས་ཀྱི་དུས་སུ་ཐོག་སོ་མཐོ་སའི་དུད་ཁྱིམ་གྱི་ཆུ་སྤྱོད་དགོས་མཁོ་སྐོང་ཐབས་མེད་པ་ཤེས་རྟོགས་བྱུང་བ་རེད།

    གནད་དོན་རྟོགས་རྗེས་འབྲེལ་ཡོད་སྡེ་ཚན་གྱིས“སྐོར་སྐྱོད་གཞུང་ལས་སྒྲོག་ཙེའི”ཐོག་འཕྲལ་མར་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་ཐག་གཅོད་ཇུས་གཞིར་ཡུལ་མི་ཚོའི་བསམ་འཆར་བསྡུ་ལེན་ཡང་བྱས་ཡོད། ཡུལ་མི་ལ་ལས་ཆུ་ཤུགས་ཆེ་རུ་གཏོང་བའི་ཆུ་འཐེན་འཕྲུལ་ཆས་བསྒར་དགོས་པའི་གྲོས་འགོ་བཏོན་པ་དང་། ཡུལ་མི་ལ་ལས་ཆུ་འཐེན་འཕྲུལ་ཆས་ལ་འཛེར་སྒྲ་ཡོད་མེད་ལ་སེམས་ཁྲལ་བྱེད་ཅིང་། ད་དུང་ཡུལ་མི་ལ་ལས་བསྒར་ཡུལ་ལ་བློ་ཡིད་མི་ཚིམ་པ་སོགས་ཀྱི་བསམ་འཆར་མི་འདྲ་བ་བྱུང་ཡོད། དེ་དག་ལ་གཞིགས་ནས་དབྱི་ཅིང་ཅ་ཡོན་སྡེ་ཁུལ་གྱིས་འཐུང་ཆུའི་དཀའ་ངལ་སེལ་བའི་ཆེད་དོན“སྐོར་སྐྱོད་གཞུང་ལས་སྒྲོག་ཙེ”བཙུགས་པ་རེད།

    “ང་ཚོས་གཟའ་འཁོར་རེར་དུས་ཚོད་ངེས་གཏན་གྱི‘སྐོར་སྐྱོད་གཞུང་ལས་སྒྲོག་ཙེའི’ཐོག་འཐུང་ཆུའི་དཀའ་ངལ་སེལ་བའི་གྲུབ་འབྲས་གསར་ཤོས་ངོ་སྤྲོད་བྱེད་ཀྱི་ཡོད། གཤེར་འཐེན་འཕྲུལ་ཆས་བསྒར་རིང་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ནས་ཆེད་དོན་གྱི‘སྐོར་སྐྱོད་གཞུང་ལས་སྒྲོག་ཙེ’བཙུགས་ནས་ག་དུས་ཡིན་ཡང་གྲོང་མིར་ཞབས་འདེགས་ཞུ་ཡི་ཡོད། ཆེད་དོན་གྱི‘སྐོར་སྐྱོད་གཞུང་ལས་སྒྲོག་ཙེ’ཁྱོན་བསྡོམས་ཐེངས་11བཙུགས་ཡོད། སྐབས་རེར་སྡེ་ཁུལ་གྱིས་ལན་རྒྱག་དཀའ་བའི་ཆེད་ལས་གནད་དོན་འཕྲད་སྐབས། རིགས་གཅིག་མཁས་ཅན་གདན་དྲངས་ནས་མཉམ་དུ་མང་ཚོཌ་ལ་ལན་འདེབས་ཀྱི་ཡོད”ཅེས་ཕང་ཅིང་གིས་བརྗོད།

    ཟླ་6པའི་ཟླ་མཇུག་ཏུ་ཝེ་པང་ཅ་ཡོན་ཁུལ་ཆུང་དུ་ཆུ་ཤུགས་ཆེ་རུ་གཏོང་བའི་ཆུ་འཐེན་འཕྲུལ་ཆས་བདེ་བླག་ངང་བསྒར་བ་དང་། ཐོག་སོ་མཐོ་སའི་དུད་ཁྱིམ་གྱི་ཆུ་སྤྱོད་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་། ཝུའུ་ཧའེ་གྲོང་ཁྱེར་གྱིས་དམངས་ལ་ཞབས་འདེཌ་ཞུ་བའི་བརྒྱུད་རིམ་ལེགས་གཏོང་དང་ཞབས་ཞུའི་ལས་ཕྱོད་མཐོ་རུ་ཟམ་མི་ཆད་པར་བཏང་ཞིང་། “སྐོར་སྐྱོད་གཞུང་ལས་སྒྲོག་ཙེར”བརྟེན་ཏེ་འོག་ནས་གོང་བར་གནད་དོན་སྙན་ཞུ་དང་གོང་ནས་འོག་ཏུ་འགག་གནད་གཙང་སེལ་ཟུང་འབྲེལ་བྱས་ནས་དམངས་ལ་ཞབས་འདེགས་ཞུ་བ་དེ“མང་ཚོགས་སྒོ་རྩར་ཡོང་བར་སྒུག་པ”ནས“མང་ཚོགས་ཀྱི་ཁྱིམ་དུ་འགྲོ་བར”འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།