དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དབྱར་གློག་སྙོམ་སྒྲིག་གི་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་གཙོ་གནད་ལས་གྲྭ་140ཚང་མ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-07

    ཟླ་7པར། རྒྱལ་ཡོངས་ཀྱི་ས་གནས་མང་ཆེ་བའི་དྲོད་ཚད་སྔོན་དཔག་བྱས་ན་རྣམ་ཀུན་གྱི་དུས་མཚུངས་ལས་ཅུང་མཐོ་བ་ཡོད་པ་དང་ས་གནས་མང་པོར་གློག་སྤྱོད་མཁན་མང་ཤོས་ཀྱི་དུས་སུ་སླེབས་བཟོ་ཡོད་པ་རེད། གསར་འགོད་པར་རྒྱལ་ཁབ་གློག་དྲ་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་30ཉིན་བར། དབྱར་གློག་སྙོམ་སྒྲིག་གི་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་གཙོ་གནད་ལས་གྲྭ་140ཚང་མ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཏེ་འདི་ལོའི་དབྱར་ཁའི་གློག་ཤུགས་མཁོ་འདོན་བརྟན་པོ་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དབྱར་གློག་སྙོམ་སྒྲིག་གི་གཙོ་གནད་ལས་གྲྭའི་གློག་ཤུགས་རིམ་པ་ཆན་ཧྥུའུ་66ནས་750བར་ཁྱབ་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་303བཏང་ཡོད། གློག་སྐུད་རིང་ཚད་སྤྱི་ལེ་4600གསར་དུ་ཁྲིད་པ་དང་གློག་སྒྱུར་གྱི་ཤོང་ཚད་ཆན་ཧྥུའུ་ཁྲི་5006གསར་དུ་བསྣན་པས་གློག་མཁོ་འདོན་བྱེད་ནུས་ཆན་ཝ་ཁྲི་3000ལས་བརྒལ་བཟོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།