ཧོ་ནན་སུའེ་རྫོང་གིས་གཞིས་ལུས་བྱིས་པའི“དབྱར་གསེང་དགའ་མོས་འཛིན་གྲྭ”གཉེར་བ།
ཉེ་བའི་ལོ་ཤས་རིང་། ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་སུའེ་རྫོང་མི་རབས་རྗེས་མའི་གཅེས་སྐྱོང་ལས་དོན་ཨུ་ལྷན་དང་སུའེ་རྫོང་སློབ་གསོ་སྡེ་ཚན་གྱི་མཐུན་སྦྱོར་དང་རྒྱབ་སྐྱོར་ཧུར་ཐག་འོག་ཆིང་ཧྭ་སློབ་ཆེན་དང་། པེ་ཅིང་སློབ་ཆེན་སོགས་རྒྱལ་ཡོངས་ཀྱི་མཐོ་སློབ་260ལྷག་ཙམ་གྱི་སློབ་སྐྱོར་ཚོཌ་པ་650ལྷག་སྔ་རྗེས་སུ་སུའེ་རྫོང་དུ་ཡོང་ནས་དབྱར་གསེང་སློབ་སྐྱོར་གྱི་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ་བ་མ་ཟད། སུའེ་རྫོང་གི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི“དབྱར་གསེང་དགའ་མོས་འཛིན་གྲྭའི”བྱེད་སྒོར་ཡང་ཞུགས་པ་རེད། འདི་ནི་ཧོ་ནན་རྫོང་ཧྲང་ཆིའུ་གྲོང་ཁྱེར་སུའེ་རྫོང་པེ་མིའོ་ཤང་ཀུའོ་ཏེན་སློབ་ཆུང་ནང་གི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི“དབྱར་གསེང་དགའ་མོས་འཛིན་གྲྭའི”སློབ་ཚན་ལ་སློབ་སྐྱོར་དགེ་རྒན་གྱིས་འཕྲུལ་མིར་བརྟེན་ནས་སློབ་མར་གླུ་གཞས་སློབ་ཚན་འཁྲིད་བཞིན་པ།