དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཤིང་ཏོག་སྨིན། འབབ་འཕར་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-07

    འདི་ནི་འདེབས་འཛུགས་རྟེན་གཞིའི་སྣ་ཁ་མི་འདྲ་བའི་ཤིང་ཏོག་ཁྲེ་ལི་ཙི་ཡིན་པ།

    འདི་ནི་ལས་དོན་པས་འདེབས་འཛུགས་རྟེན་གཞིར་ཤིང་ཏོག་ཁྲེ་ལི་ཙི་འཐོག་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཤིང་ཏོག་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་ཤིང་ཏོག་གི་སྣ་ཁ་མང་དུ་ཕྱིན་ནས་མང་ཚོགས་ལ་འབབ་འཕར་བྱུང་ཡོད། ཉིང་ཁྲི་ཞིང་སྦོལ་ཀརྨ་ཞིང་ལས་ཚད་ཡོད་ཀུང་སིའི་ཤིང་ཏོག་ཁྲེ་ལི་ཙི་འདེབས་འཛུགས་རྟེན་གཞིར་ཤིང་ཏོག་ཁྲེ་ལི་ཙི་སྣ་ཁ་17ཡོད་པ་དང་། ཤིང་ཏོག་མུའུ་70ལྷག་ཙམ་གྱི་ཐོན་འབབ་ཆེ་བའི་དུས་སུ་སླེབས་ཡོད། ཟླ་6པའི་ཟླ་དཀྱིལ་དུ་ཤིང་ཏོག་རིམ་གྱིས་སྨིན་ནས་རྟེན་གཞིས་ཤིང་ཏོག་ཁྲེ་ལི་ཙི་རྒྱ་མ་7000ལྷག་ཙམ་བཙོངས་པར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད།

    ཤིང་ཏོག་སྨིན། འབབ་འཕར་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།