རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས“རིག་ཚན་དུ་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ལ་ནུས་ཤུགས་གཅིག་འདོན་བྱ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ”འཚོགས་པ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(སྤྱི་ཚན་མཉམ་འབྲེལ་ལྷན་ཚོགས)གིས་གཙོ་གཉེར་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་ལྟེ་གནས་ཀྱིས་གཉེར་འགན་ཁུར་བའི“རིག་ཚན་དུ་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ལ་ནུས་ཤུགས་གཅིག་འདོན་བྱ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ”ལྷ་སར་འཚོགས་པ་རེད།
བགྲོ་གླེང་ཚོགས་འདུའི་ཐོག ལྗོངས་ཕྱི་ནང་གི་ཞིབ་འཇུག་སྒྲིག་གཞི་དང་མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་མ་ལག་འཛུགས་པ”དང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བོད་ཀྱི་ལག་ལེན”“མཐོང་རྒྱ་མང་པོའི་འོག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཞིབ་འཇུག”སོགས་བརྗོད་དོན་གཙོ་བོར་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་པ་རེད། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་སྤྱི་ཚོགས་ཀྱི་ཞིབ་འཇུག་ཐོན་ཁུངས་གཅིག་སྡུད་དང་བསྡུ་སྒྲིལ་བྱས་ནས། ལྗོངས་ཕྱི་ནང་གི་འབྲེལ་ཡོད་ཞིབ་འཇུག་སྒྲིག་གཞི་དང་མཐོ་སློབ་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། རིག་གཞུང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཞིབ་འཇུག་སྟོབས་ཤུགས་བརྟན་དུ་གཏོང་བ་བཅས་བྱ་ཆེད། རྒྱལ་ཡོངས་ཀྱི་མཐོ་སློབ་དང་ཞིབ་འཇུག་སྒྲིག་གཞི་ཆེ་གྲས་ཁག་ནས་གྲགས་ཅན་རིགས་གཅིག་མཁས་ཅན་22བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་ལྟེ་གནས་ཀྱི“དམིགས་བསལ་གདན་ཞུའི་ཞིབ་འཇུག་པར”གདན་དྲངས་པ་དང་འབྲེལ་ལག་ཁྱེར་ཡང་སྤྲད་པ་རེད།