གཞིས་རྩེ་གྲོང་ཁྱེར་གྱིས“རྟེན་འབྲེལ་ཆེ་མོ་བསུ། ཏང་གི་དྲིན་ལ་བསྟོད། མཉམ་དུ་འབད་འབུངས་བྱེད”ཅེས་པའི་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་ཆེན་མོ་བྱས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས“རྟེན་འབྲེལ་ཆེ་མོ་བསུ། ཏང་གི་དྲིན་ལ་བསྟོད། མཉམ་དུ་འབད་འབུངས་བྱེད”ཅེས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང“གཞིར་རྩེའི་གར་སྟབས”ཞེས་པའི་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་ཆེན་མོའི་མཐའ་བསྡུར་བྱས་པ་རེད། འགྲན་བསྡུར་ནང་ཞུགས་མཁན་ཚོའི་དགའ་སྤྲོའི་སྟངས་སྟབས་ལས་དུས་རབས་ཀྱི་འཕོ་འགྱུར་ལ་བསྟོད་པ་ཕུལ་ནས། ཇོ་རིའི་བུ་ཕྲུག་ཚོའི་སེམས་པ་ཏང་ལ་ཕྱོགས་པའི་དད་སེམས་བརྟན་པོ་མཚོན་པར་བྱས་ཡོད།
གར་སྟེགས་ཐོག་ཞབས་བྲོ་འཁྲབ་མཁན་ཚོའི་སྤྲོ་སེམས་རབ་ཏུ་འཕེལ་བའི་འཁྲབ་སྟོན་ལས་ཚོགས་ར་ཡོངས་སུ་གསོན་ཤུགས་ཀྱིས་ཁེངས་པ་དང་། གར་སྟེགས་འོག་ཏུ་ལྟད་མོ་བ་ཚོས་ཐལ་མོ་ཡང་ཡང་རྡེབ་པ་དང་ཆབས་ཅིག་དགའ་བའི་འབོད་སྒྲ་ཡང་ཡང་གྲགས།
འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། བསམ་གྲུབ་རྩེ་ཆུས་ཀྱི་འཐུས་མིའི་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། འབྲོང་པ་རྫོང་དང་ལྷ་རྩེ་རྫོང་གི་འཐུས་མིའི་རུ་ཁག་ལ་བྱ་དགའ་ཨང་གཉིས་པ་ཐོབ། གཙང་པའི་ཨ་ཅག་རིག་གནས་དང་བླངས་རུ་ཁག་དང་། རིན་སྤུངས་རྫོང་། གམ་པ་རྫོང་བཅས་ཀྱི་འཐུས་མིའི་རུ་ཁག་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།