དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དྲུག་པར་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས་བསྐྱར་འཕར་བྱུང་བ།

    ལས་སྒོའི་སྤྱི་འབོར་གྱི་སྟོན་གྲངས་ཟླ་བ་བཞི་བསྟུད་མར་འཕར་བའི་བར་མཚམས་སུ་གནས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-06

    ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་ཟླ་6པའི་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས་50.8%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.2བསྐྱར་འཕར་བྱུང་ཡོད། རྣམ་གྲངས་ཀྱི་དབྱེ་བའི་སྟོན་གྲངས་ནས་བལྟས་ཚེ། ལས་སྒོའི་སྤྱི་འབོར་གྱི་སྟོན་གྲངས་ད་ལོ་ཚུན་ཟླ་བ་བཞི་བསྟུད་མར་འཕར་བའི་བར་མཚམས་སུ་གནས་ཡོད། དགོས་མཁོ་སྔར་བས་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཟོག་འགྲེམས་ལས་སྒོའི་སྤྱི་འབོར་རྒྱུན་ཆད་མེད་པར་འཕར་ནས་དར་རྒྱས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་སོང་ཡོད།

    ས་ཁུལ་ཕྱེ་ནས་བལྟས་ཚེ། ས་ཁུལ་ཆེན་པོ་གསུམ་གྱི་ལས་སྒོའི་སྤྱི་འབོར་གྱི་སྟོན་གྲངས་ཚང་མ་འཕར་བའི་བར་མཚམས་སུ་གནས་པ་དང་། དབུས་རྒྱུད་ས་ཁུལ་དང་ནུབ་རྒྱུད་ས་ཁུལ་གྱི་ལས་སྒོའི་སྤྱི་འབོར་གྱི་སྟོན་གྲངས་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་འཕར་ནས་51%དང་52.8%སོ་སོར་ཟིན་ཡོད།

    ལས་རིགས་ཕྱེ་ནས་བལྟས་ཚེ། གཞུང་ལམ་གྱི་སྐྱེལ་འདྲེན་དང་། ལྕགས་ལམ་གྱི་སྐྱེལ་འདྲེན། མཁའ་འགྲུལ་གྱི་སྐྱེལ་འདྲེན་སོགས་ལས་རིགས་ཀྱི་ལས་སྒོའི་སྤྱི་འབོར་གྱི་སྟོན་གྲངས་ཚང་མ་དར་རྒྱས་བར་མཚམས་སུ་གནས་ཡོད། དྲ་ཐོག་ནས་ཉོ་སྒྲུབ་དང་དུས་ཚིགས་རང་བཞིན་གྱི་གྲང་ཕྲེང་ཚོང་ཟོག་སོས་པའི་དགོས་མཁོའི་སྣེ་ཁྲིད་ཀྱི་ཤུགས་རྐྱེན་འོག སྦྲག་སྲིད་མྱུར་སྐྱེལ་ལས་རིགས་དང་མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ལས་སྒོའི་སྤྱི་འབོར་གྱི་སྟོན་གྲངས་69.3%དང་52%སོ་སོར་ཟིན་ནས་འཕར་བའི་རྣམ་པ་མངོན་གསལ་དོད་དུ་ཕྱིན་ཡོད། ས་ཁུལ་ཁག་གཅིག་གི་བརྟག་ཞིབ་ཁེ་ལས་ཀྱིས་ཚུར་ལན་བྱས་པར། དུས་ཚིགས་དང་འཚམ་པའི་ཤིང་ཏོག་དང་སྔོ་ཚལ་དང་། གྲང་ཕྲེང་གི་མེ་ཏོག་དང་རྩི་ཤིང་གི་མཁའ་འགྲུལ་ཟོག་འགྲེམས་ལས་སྒོའི་སྤྱི་འབོར་བསྐྱར་འཕར་རྒྱུན་འཁྱོངས་དང་མངགས་ཐོ་གསར་པའི་ལས་སྒོའི་སྤྱི་འབོར་བསྐྱར་དུ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།