དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་གྲངས་འཛིན་དར་གོས་ལམ་བུའི་འཕེལ་རྒྱས་གླེང་སྟེགས་ཧྥུའུ་ཅན་ཆོན་ཀྲོའུ་རུ་འཚོག་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-06

     ཚེས་3ཉིན་གྱི་ཕྱི་དྲོར། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། 2025ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་གྲངས་འཛིན་དར་གོས་ལམ་བུའི་འཕེལ་རྒྱས་གླེང་སྟེགས་ཀྱི་གཞི་རྩའི་གནས་ཚུལ་དང་། སྤྱི་ཡོངས་ཀྱི་གྲ་སྒྲིག་འཕེལ་རིམ། བཀྲག་མདངས་འཚེར་སའི་ཁྱད་ཆོས་བཅས་ངོ་སྤྲོད་བྱས་པ་རེད།

    ད་ཐེངས་ཀྱི་གྲངས་འཛིན་དར་གོས་ལམ་བུའི་འཕེལ་རྒྱས་གླེང་སྟེགས་ནི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱིས་གཙོ་གཉེར་དང་། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྒྲུབ་གཉེར། ཆོན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཧྥུའུ་ཅན་ཞིང་ཆེན་དྲ་འཕྲིན་གཞུང་ལས་ཁང་། ཧྥུའུ་ཅན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱིས་རོགས་གཉེར་བྱས་པ་ཞིག་ཡིན་ཞིང་། ཟླ་7ཚེས་24ཉིན་ཧྥུའུ་ཅན་ཆོན་ཀྲོའུ་རུ་འཚོག་རྒྱུ་རེད། གླེང་སྟེགས་ཀྱིས“གྲངས་འཛིན་རིག་ལྡན་གྱི་མཚོ་ཐོག་དར་གོས་ལམ་བུས་འབྱུང་འགྱུར་མཉམ་དུ་བསུ། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། “‘རྒྱུད་གཅིག་ལམ་གཅིག’གི་གྲངས་འཛིན་ཚོང་དོན་གྱི་སྒོ་འབྱེད་མཉམ་ལས”དང་། “མི་ཐབས་རིག་ནུས་ཀྱིས་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ” “རྒྱལ་སྤྱིའི་སྐྱེལ་འདྲེན་གྲངས་འཛིན་རིག་ལྡན་ཅན་དུ་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས”བཅས་ཀྱི་གྲོས་དོན་ཁག་གསུམ་ལ་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་བྱས་ཏེ། རྒྱལ་སྤྱིའི་གྲངས་འཛིན་ཚོང་དོན་དབྱར་མཚོ་རྒྱས་པ་དང་། སྐྱོན་བྲལ། གོ་རིམ་ལྡན་པ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།