དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་གནས་མང་པོས་གཞོན་ནུ་ལོ་ཆུང་ལ་ཕྱོགས་ནས་འདབ་ཆགས་ལ་གཅེས་སྐྱོང་བྱེད་པའི་བརྗོད་དོན་གཙོ་བོའི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-06

    ཉེ་ཆར། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་གོ་བྱིས་པའི་ལྟེ་གནས་དང་ཀྲུང་གོའི་གཞོན་ནུ་ལོ་ཆུང་ཕོ་བྲང་མཐུན་ཚོགས་སོགས་དང་མཉམ་དུ《“བྱིས་པའི་སེམས་པ་ཏང་ལ་ཕྱོགས། ལྗང་མདོག་ཀྲུང་གོ་མཉམ་དུ་སྐྲུན”ཞེས་པའི་གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་ཤེས་དཔལ་སློབ་གསོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ལག་ལེན་བྱེད་སྒོའི་ཇུས་གཞི》བཀྲམ་སྟེ། “འདབ་ཆགས་ལ་གཅེས་སྐྱོང་བྱེད་པའི་གཟའ་འཁོར” སོགས་ཀྱི་དུས་ཚོད་མཚམས་ཚིགས་དང་ཟུང་འབྲེལ་གྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། གཞོན་ནུ་ལོ་ཆུང་ལ་ཕྱོགས་པའི་ནགས་ཚལ་དང་རྩྭ་ཐང་གི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་དགོས་ལུགས་བཏོན་པ་རེད། པེ་ཅིང་དང་། ཧྲའན་ཤིས། ཧེ་ལུང་ཅང་། སི་ཁྲོན། ཧུའུ་པེ། ཧྲན་ཏུང་། ཅང་ཤིས། ཀན་སུའུ། ལེའོ་ཉིང་། ཉིང་ཞ། ཀོང་ཤིས། ཀོང་ཏུང་། ཀྲེ་ཅང་། ཧྲང་ཧའེ། ཤིན་ཅང་བཅས་ཞིང་ཆེན་15ཡིས་དང་ལེན་ཧུར་ཐག་བྱས་ཏེ། ཡུལ་བབ་དང་བསྟུན་ནས་འདབ་ཆགས་ལ་གཅེས་སྐྱོང་བྱེད་པའི་བརྗོད་དོན་གཙོ་བོའི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྣ་ཚོགས་སྤེལ་བར། བྱེད་སྒོར་ཞུགས་མཁན་གཞོན་ནུ་ལོ་ཆུང་བདུན་སྟོང་ཙམ་ཟིན་པ་དང་བྱེད་སྒོར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    གོམ་སྟབས་རྗེས་མར། “བྱིས་པའི་སེམས་པ་ཏང་ལ་ཕྱོགས། ལྗང་མདོག་ཀྲུང་གོ་མཉམ་དུ་སྐྲུན”ཞེས་པའི་ཚན་རིག་ཁྱབ་གདལ་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ནས། རང་བྱུང་འཆད་ཁྲིད་ཁང་ཆེན་པོ་དང་། ང་ནི་ལྗང་མདོག་འགྲེལ་བཤད་པ་ཆུང་ཆུང་ཞིག་ཡིན། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཤེས་བྱའི་སློབ་སྦྱོང་ཆེན་པོ་སོགས་བརྗོད་དོན་གཙོ་བོའི་ཚན་རིག་ཁྱབ་གདལ་རྣམ་གྲངས་རབ་དང་རིམ་པ་འདོན་རྒྱུ་མ་ཟད། གཙོ་གནད་ཐོག་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དེ་བཞིན་དེ་དག་གི་འཚོ་གནས་ཁུལ་གཙོ་བོར་སྲུང་སྐྱོང་དང་། འདབ་ཆགས་ཀྱི་གནས་སྤོའི་བགྲོད་ལམ་འཛུགས་སྐྲུན་སོགས་བརྗོད་དོན་གཙོ་བོར་དམིགས་ནས་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་ཏེ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཡོངས་ཀྱི་འདུ་ཤེས་དེ་བས་ཟབ་ཏུ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།