ས་མཐོའི་རླུང་གློག་ཐང་ནུས་རྒྱུའི་སྒུལ་ཤུགས་གསར་པར་གྱུར་བ།
འདི་ནི་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ནག་ཆུ་གསེར་རྙེད་ཆུས་འོ་མ་དེང་དགེའི་རླུང་གློག་ཐང་ཡིན་པ།
ས་བབ་སྨི་4500ཡོད་པའི་བྱང་རྩྭ་ཐང་དུ་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ནག་ཆུ་གསེར་རྙེད་ཆུས་འོ་མ་དེང་དགེའི་ཀྲའོ་ཝ་100ཡི་རླུང་གློག་རྣམ་གྲངས་དྲ་སྦྲེལ་གློག་བཏང་ཚུན། ལོ་ལྟར་གློག་ནུས་གཙང་མ་ཏུའུ་དུང་ཕྱུར་2ཙམ་མཁོ་འདོན་ཐུབ་ནས་མི་ཁྲི་23གྱི་གློག་སྤྱོད་དགོས་མཁོ་བསྐངས་ཏེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།