དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩ་འཛུགས་པུའི་འགན་འཁུར་བློ་མཐུན་ལ་ཡིའུ་པིན་ཁྲང་ལ་སྐུལ་ལྕག་དང་འཚམས་འདྲི་བྱེད་རྒྱུའི་མངགས་བཅོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-07-06

    ཤིན་ཧྭ་གསར་འགྱུར་པེ་ཅིང་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩ་འཛུགས་པུའི་འགན་འཁུར་བློ་མཐུན་ལ་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིའུ་པིན་ཁྲང་ལ་སྐུལ་ལྕག་དང་འཚམས་འདྲི་བྱེད་རྒྱུའི་མངགས་བཅོལ་གནང་བ་རེད།

    ཞི་ཅིན་ཕིང་གིས། སྐུ་ཉིད་དགུང་གྲངས་92ལ་ཕེབས་ཀྱང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པའི་གནས་ཚུལ་ཤེས་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། ཁྱེད་ལ་ཏང་ལ་ཕྱོགས་པའི་སེམས་པ་རྣམ་དག་ལྡན་པ་དེ་མི་རྣམས་སེམས་འགུལ་ཐེབས་པ་ཞིག་འདུག ཁྱེད་ཀྱིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ནས་རིག་རྩལ་ལས་དོན་པ་སྔར་བས་མང་བའི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་སྟེ་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། ཁྱེད་སྐུ་ཁམས་གསལ་ཐང་དང་འཚོ་བ་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་འདུན་ཞུ་གི་ཡིན་ཞེས་གསུངས།

    ཡིའུ་པིན་ཁྲང་ནི་1933ལོར་འཁྲུངས་པ་དང་། ཟློས་གར་འཁྲབ་སྟོན་གྱི་ལས་ལ་ཡུན་རིང་གཞོལ་ཏེ། 《ཅིས་ཀུང》སོགས་བརྩམས་ཆོས་ནང་མི་དམངས་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་སྒྱུ་རྩལ་གྱི་གཟུགས་བརྙན་མང་པོ་བཞེངས་ལ། 2024ལོར་སྐབས་སོ་གཉིས་པའི་ཀྲུང་གོའི་བརྙན་འཕྲིན་གསེར་གྱི་བྱ་རྒོད་བྱ་དགའི་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚེ་གང་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་ཅིང་། ཁོང་རིག་རྩལ་བྱ་གཞག་ལ་ཞུགས་ནས་ལོ་70ལྷག་ཙམ་རིང་། སྔོན་མ་ནས་ཏང་ལ་ཞུགས་འདོད་ཡོད་ཀྱང་། རང་ཉིད་ལ་ཏང་ཡོན་ཞིག་གི་ཆ་རྐྱེན་འཛོམས་མེད་པའི་ངོས་འཛིན་གནང་གི་ཡོད། 2024ལོའི་ལོ་འགོར་ཁོང་གིས་གཟབ་ནན་ངང་ཏང་རྩ་འཛུགས་ལ་ཏང་ལ་ཞུགས་པའི་རེ་འདུན་ཞུ་ཡིག་ཕུལ་བ་དང་། 2025ལོའི་ཟླ་ལྔ་པར་ཁོང་ཀྲུང་གུང་གྲ་སྒྲིག་ཏང་ཡོན་ལ་ཆོག་མཆན་གནང་ནས‘བདུན་གཅིག’གི་སྔ་སྣུར་དུ་ཁོང་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་ཏང་ཨུད་ཀྱིས་འཚོགས་པའི་ཏང་ཞུགས་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།