དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འདི་ལོའི“གཙོ་གལ་གཉིས”ཀྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་རྩིས་ཁྲའི་སྒོར་དུང་ཕྱུར་8000ཚང་མ་སྤྲད་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-05

    ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྒོར་དུང་ཕྱུར་3000བཀོད་སྒྲིག་བྱས་ཏེ་2025ལོའི“གཙོ་གལ་གཉིས”ཀྱི་འཛུགས་སྐྲུན་རྣམ་གྲངས་ཁག་གསུམ་པར་རྒྱབ་སྐྱོར་བྱས་ཤིང་། དེ་ནས། འདི་ལོའི“གཙོ་གལ་གཉིས”ཀྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་རྩིས་ཁྲའི་སྒོར་དུང་ཕྱུར་8000ཚང་མ་སྤྲད་ཟིན་པ་རེད།

    2025ལོའི“གཙོ་གལ་གཉིས”ཀྱི་འཛུཌ་སྐྲུན་རྣམ་གྲངས་ཁག་1459ལ་ཁྱོན་སྒོར་དུང་ཕྱུར་8000བཀོད་སྒྲིག་བྱས་ནས་རྒྱབ་སྐྱོར་བྱས་པ་དེ་དག་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོ་དང་། འབྲི་ཆུའི་ལམ་རྒྱུད་ཀྱི་གཙོ་གནད་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ། ཚད་གཞི་མཐོ་བའི་ས་ཞིང་། ཆུ་བེད་ལས་གྲྭ་གལ་ཆེན། གྲོང་ཁྱེར་གྱི་ས་འོག་སྦུག་དྲ། “བྱང་གསུམ”ལས་གྲྭ སྨན་ཁང་གི་ནད་ཁང་སྒྱུར་བཀོད་སོགས་གཙོ་གནད་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།