དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གཉིས་ཀྱིས་བརྡ་ཐོ་བཀྲམ་ནས།

    སྤྱི་ཚོགས་རྩ་འཛུགས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེགས་བྱེད་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-05

    ཉེ་ཆར། དམངས་སྲིད་པུའི་གཞུང་དོན་ཐིང་དང་སློབ་གསོ་པུའི་གཞུང་དོན་ཐིང་གིས《སྤྱི་ཚོགས་རྩ་འཛུགས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་རམ་འདེགས་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་སྟེ། ས་གནས་ཁག་ལ་སྤྱི་ཚོགས་རྩ་འཛུགས་ཀྱིས་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་ནུས་པ་རྒྱུན་མཐུད་བཏོན་ནས་ལས་ཞུགས་ལས་གནས་དེ་བས་མང་བ་གསར་སྤེལ་དང་། ལས་ཞུགས་ཐོན་ཁུངས་སྦྲེལ་མཐུད་ལས་སྟེགས་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་བ། ལས་ཞུགས་མཛུབ་ཁྲིད་ཞབས་ཞུ་ཞིབ་ཚགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་ལེགས་ལ་སྤུས་ཚད་མཐོ་པོས་ལས་ཞུགས་ཐུབ་པར་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    བརྡ་ཐོའི་ནང་བསྟན་དོན། སྤྱི་ཚོགས་རྩ་འཛུགས་ཀྱིས་དེ་བས་མང་བའི་ལས་ཞུགས་ལས་གནས་གསར་སྤེལ་བྱེད་པར་ཁྲིད་སྟོན་བྱས་ཏེ། ཆེད་ལས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་སློབ་གསོ་དང་། སྨན་བཅོས། ཚན་རྩལ། རིག་གནས། རོགས་སྐྱོབ། རྒན་གསོ། བུ་བཅོལ་སོགས་ཁྱབ་ཁོངས་ཀྱི་ཞབས་ཞུའི་བར་མཐོངས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་སྐུལ་འདེད་བཏང་ནས་ཆ་རྐྱེན་འཛོམས་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་ལས་ཞུགས་ལྟ་སྦྱོང་རྟེན་གཞི་རེ་ཞུ་བྱེད་པར་སྐུལ་ལྕག་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱི་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལེགས་ཆ་འདོན་པ་དང་། སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་དང་སྤྱི་ཕན་གསར་སྐྲུན་མ་འཇོག་སོགས་ཀྱི་བྱེད་ཐབས་བརྒྱུད་གཞི་རིམ་གྱི་ཞབས་ཞུའི་རྣམ་གྲངས་གསར་གཏོད་དང་སློབ་ཆེན་སློབ་མ་དང་འཚམ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཞབས་ཞུའི་ལས་གནས་གསར་སྤེལ་བྱེད་དགོས།

    ལས་ཞུགས་ཐོན་ཁུངས་སྦྲེལ་མཐུད་བྱེད་པའི་ཐད་བརྡ་ཐོའི་ནང་སྤྱི་ཚོགས་རྩ་འཛུགས་ཀྱིས་ཚོགས་མི་དང་། ཁེ་ལས། མཐོ་སློབ། ཆེད་ལས་མི་སྣ་བཅས་དང་འབྲེལ་གཏུག་བྱེད་པའི་དམིགས་བསལ་ལེགས་ཆ་འདོན་པར་ཁྲིད་སྟོན་བྱས་ཏེ། ལས་ཞུགས་ཐོན་ཁུངས་སྦྲེལ་མཐུད་ཀྱི་ཞབས་ཞུའི་རྣམ་པ་གསར་གཏོད་དང་ལས་ཞུགས་ཐོན་ཁུངས་སྦྲེལ་མཐུད་ལས་སྟེགས་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་དགོས། ས་གནས་དེ་གའི་མཐོ་སློབ་དང་འབྲེལ་མཐུད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། “སློབ་གྲྭ་དང་སྤྱི་ཚོགས་མཉམ་ལས”ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རྩ་འཛུགས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་ཀྱིས་ཚོགས་མིའི་ཁེ་ལས་དང་གཞི་རིམ་སྡེ་ཁུལ་དུ་བསྐྱོད་དེ་ལས་གནས་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ལས་ཞུགས་དགོས་མཁོ་དང་གང་མགྱོགས་བསྟུན་ཐུབ་པར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    བརྡ་ཐོའི་ནང་བསྟན་དོན། སྤྱི་ཚོགས་རྩ་འཛུགས་ཀྱིས་གཙོ་གནད་ཚོགས་སྤྱིའི་སློབ་ཐོན་སློབ་མའི་ལས་ཞུགས་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པར་གཞོགས་འདེགས་དང་ཁྲིད་སྟོན་བྱས་ཏེ། དབུལ་སྒྲོལ་དུད་ཚང་དང་། མ་མཐའི་འཚོ་བའི་འགན་ལེན་དུད་ཚང་། མ་མཐའི་འཚོ་བའི་མཐར་ལུས་དུད་ཚང་། ལས་ཞུགས་ཐུབ་མེད་པའི་དུད་ཚང་སོགས་ལས་ཞུགས་བྱེད་འདོད་ཡོད་པའི་དཀའ་ཁག་ཆེ་བའི་ཚོགས་སྤྱིའི་སློབ་ཐོན་སློབ་མ་བཅས་ལ་བློ་འདྲི་མཛུབ་སྟོན་དང་། ལས་གནས་འོས་སྦྱོར། ལས་ཞུགས་ལྟ་སྦྱོང་སོགས་ཀྱི་ཞབས་ཞུ་དམིགས་བསལ་གྱིས་སྔོན་ལ་མཁོ་འདོན་བྱེད་དགོས་པ་དང་། ལས་རིགས་སློབ་གསོའི་རིགས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་རྒན་གསོ་དང་། བུ་བཅོལ། ཁྱིམ་ལས་སོགས་རྩལ་ནུས་གསོ་སྦྱོང་ཧུར་ཐག་གཉེར་བར་རྒྱབ་སྐྱོར་བྱེད་པ། སྤྱི་ཚོགས་རྩ་འཛུགས་དང་ལས་རིགས་སློབ་གྲྭ་དང་སློབ་གླིང་གིས་དངོས་སྦྱོང་རྟེན་གཞི་མཉམ་དུ་སྐྲུན་པར་སྐུལ་ལྕག་གཏོང་བ་བཅས་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མར་དངོས་སྦྱོང་ལག་ལེན་དང་། དང་བླངས་ཞབས་ཞུ། ཆེད་ལས་གསོ་སྦྱོང་སོགས་ཀྱི་གོ་སྐབས་བསྐྲུན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་དང་ལས་ཞུགས་ནུས་པ་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།