ལོ་སྟོད་དུ་འབྲི་ཆུའི་འགག་གསུམ་ལྟེ་གནས་ནས་གྲུ་གཟིངས་སོགས་བརྒྱུད་ཚད་ཏུན་ཁྲི་8000ལས་བརྒལ་བ།
གསར་འགོད་པས་འབྲི་ཆུའི་འགག་གསུམ་གྲུ་སྐྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར། འབྲི་ཆུའི་འགག་གསུམ་ལྟེ་གནས་ནས་བརྒྱུད་ཚད་ཏུན་ཁྲི་8307.7ཟིན་ནས་དུས་མཚུངས་ལས་10.4%འཕར་ཡོད། དེའི་ནང་འབྲི་ཆུའི་འགག་གསུམ་གྱི་གྲུ་སྒོ་ཁྱོན་ཐེངས་5205འཁོར་སྐྱོད་བྱས་པ་དང་། གྲུ་གཟིངས་ཐེངས་19121བརྒྱུད་པ། བརྒྱུད་ཚད་ཏུན་ཁྲི་8160.6ཟིན་པ་དེ་དུས་མཚུངས་ལས་13.52%འཕར་ཡོད་པ་རེད། འགྲུལ་པ་མི་ཐེངས་ཁྲི་28.9ཡིས“གྲུ་གཟིངས་གློག་སྐས་ལ་སྡོད་པའི”མྱོང་བ་གསར་པ་ལོངས་སུ་སྤྱད་པ་དེ་དུས་མཚུངས་ལས་17.33%འཕར་ཡོད། དམངས་འཚོའི་དངོས་ཟོག་ཏུན་ཁྲི་2107.7དང་གཙོ་གནད་ཛ་དྲག་སྐྱེལ་འདྲེན་དངོས་ཟོག་ཏུན་ཁྲི་6.45ཆུ་རགས་ནས་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད།
བདེ་འཇགས་སྟབས་བདེ་དང་ཤར་གཏོང་གོ་རིམ་ལྡན་པའི་ངང་གྲུ་གཟིངས་ཆུ་རགས་ནས་སྒྲོལ་བའི་བགྲོད་ལམ་བསྐྲུན་ཆེད། འགག་གསུམ་ཅུས་ཁོངས་གཏོགས་མཚོ་དོན་དང་། གྲུ་ལམ། གྲུ་སྒོ གྲུ་འདེགས་འཕྲུལ་འཁོར། གྲུ་ས་སོགས་སྡེ་ཚན་གྱིས་ཆུ་རགས་ནས་སྒྲོལ་བའི་གྲུ་གཟིངས་ལ་ཆུ་ཚོད་24ཡི་བརྒྱུད་རིམ་ཡོངས་ལ་རྗེས་སྙེག་ལྟ་འདོམས་བྱས་པ་དང་། ད་ལོའི་ལོ་སྟོད་དུ་རླུང་འཚུབ་དང་སྨུག་པ་ཤུགས་ཆེ་བ་དང་དེ་བཞིན་གཏད་རྒྱུག་དྲག་པོའི་གནམ་གཤིས་ལ་དམིགས་ནས་དུས་ཐོག་ཏུ་བདེ་འཇགས་ཉེན་བརྡ་ཐེངས་48བཏང་ནས་གནས་སྐབས་ཀྱི་འགྲིམ་འགྲུལ་དོ་དམ་ཆུ་ཚོད་225ཙམ་ལག་བསྟར་བྱས་ཡོད། ཆུ་རགས་གོང་འོག་གི་ས་གནས་མཚོ་དོན་དང་། མེ་ཟོན། སྤྱི་བདེ་སོགས་སྡེ་ཚན་དང་རྣམ་གྲངས་མང་བའི་ཆུ་ཐོག་མཉམ་འབྲེལ་རོགས་སྐྱོབ་ཐག་གཅོད་བྱས་ཏེ་སྤྱི་ལེ་59ཡི་འཕྲལ་སྡོམ་དང་ལེན་འཁོར་རྒྱ་ཧུར་ཐག་བཏོད་པ་རེད།