ཟླ་བ་དང་པོ་ནས་ལྔ་པའི་བར་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་11.1%འཕར་བ།
བཟོ་ལས་དང་ཆ་འཕྲིན་ཅན་པུས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། ཟླ་བ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་11.1%འཕར་ནས་འཕར་ཚད་བཟོ་ལས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.8དང་1.6སོ་སོར་འཕར་ཡོད།
ཟླ་བ་ལྔ་པར་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་10.2%འཕར་ཡོད། ཐོན་རྫས་གཙོ་བོའི་གྲས་ནས་རྩིས་འཁོར་ཆུང་ངུའི་སྒྲིག་ཆས་ཐོན་འབོར་དུང་ཕྱུར་1.3ཟིན་པ་དེ་དུས་མཚུངས་ལས་5.5%འཕར་བ་དང་། འདུས་གྲུབ་གློག་ལམ་གྱི་ཐོན་འབོར་དུང་ཕྱུར་1935ཟིན་པ་དེ་དུས་མཚུངས་ལས་6.8%འཕར་ཡོད།
ཟླ་བ་དང་པོ་ནས་ལྔ་པའི་བར། གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ཕན་འབྲས་བརྟན་པོའི་ངང་ལེགས་སུ་ཕྱིན་ནས་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་6.49བྱུང་བ་དེ་དུས་མཚུངས་ལས་9.4%འཕར་བ་དང་། ཚོང་གཉེར་མ་གནས་སྒོར་དུང་ཕྱུར་ཁྲི་5.7བྱུང་བ་དེ་དུས་མཚུངས་ལས་9.4%འཕར་བ། ཁེ་བཟང་བསྡོམས་འབོར་སྒོར་དུང་ཕྱུར་2162བྱུང་བ་དེ་དུས་མཚུངས་ལས་11.9%འཕར་བ། ཚོང་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་3.33%ཟིན་པ་དེ་ཟླ་བ་དང་པོ་ནས་བཞི་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་0.2འཕར་ཡོད་པ་རེད།