དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབྱི་རག་དར་སྲོལ་ཁང་གིས་གོས་རྒྱན་རིག་གནས་འོས་སྦྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-05

    འདི་ནི་དབྱི་རག་གི་ཇུས་འགོད་པས་དར་སྲོལ་ཆས་གོས་བཟོ་བཞིན་པ།

    འདི་ནི་དབྱི་རག་དར་སྲོལ་ཁང་གིས་གཉེར་བའི་གོས་རྒྱན་འགྲེམས་སྟོན་ལ་མོ་ཐྲོལ་གཉིས་ཀྱིས་ཡཱ་ཧྲུའུ་དུས་སྐབས་ཀྱི་གོས་རྒྱན་ངོམ་སྟོན་བྱེད་བཞིན་པ།

    1970ལོར་བཙུགས་པའི་དབྱི་རག་དར་སྲོལ་ཁང་གིས་དབྱི་རག་གི་ཤེས་དཔལ་དར་བའི་དུས་སྐབས་མི་འདྲ་བའི་དར་སོའི་གོས་རྒྱན་ངོམ་སྟོན་བྱས་པ་བརྒྱུད་དབྱི་རག་གི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་འོས་སྦྱོར་བྱེད་ཀྱི་ཡོད། དར་སྲོལ་ཁང་དེས་ཉེ་ཆར་གོས་རྒྱན་བརྩམས་ཆོས་གསར་པ་ཁག་གཅིག་བཏོན་ནས་གནའ་རབས་སུའུ་མེར་དང་། པཱ་པི་ལུན། ཡཱ་ཧྲུའུ་བཅས་ཤེས་དཔལ་དར་བའི་དུས་སྐབས་ཀྱི་གོས་རྒྱན་རིག་གནས་ངོམ་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དབྱི་རག་དར་སྲོལ་ཁང་གིས་རྒྱལ་ཁབ་དང་ས་ཁུལ་70ལྷག་ཙམ་དུ་དར་སྲོལ་འགྲེམས་སྟོན་ཐེངས་700ལྷག་ཙམ་གཉེར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།