དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཨེ་ཤེ་ཡའི་རྒྱལ་ཁབ་ཀྱིས‘འབྱུང་འགྱུར་མཉམ་དུ་གཏོད་པར’སྐུལ་འདེད་གཏོང་དགོས”

    ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཕུའུ་ཀྲི་ཧྲུའེ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆང་ཝུའེ།   |     སྤེལ་དུས།  2025-07-05

    “མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤེལ་རེས་དང་མཉམ་འདྲེས་ཟབ་ཏུ་གཏོང་བ། དཔལ་འབྱོར་འབྲེལ་མཐུད་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ། ཕྱོགས་མང་ཚོང་དོན་དང་མ་འཇོག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། གཞི་ནས་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱིས‘འབྱུང་འགྱུར་མཉམ་དུ་གཏོད་པར’སྔར་བས་སྐུལ་འདེད་ཡག་པོ་གཏོང་ཐུབ” ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཕུའུ་ཀྲི་ཧྲུའེ་ཡིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། “ཀྲུང་གོའི་དཔལ་འབྱོར་འདི་ཉིད་ཨེ་ཤེ་ཡའི་དཔལ་འབྱོར་མ་ལག་དང་མཉམ་འདྲེས་གཏིང་ཟབ་བྱུང་ནས་ཨེ་ཤེ་ཡ་རྒྱལ་ཁབ་དབར་གྱི་རིན་ཐང་ཕྲེང་འབྲེལ་གྱི་རང་བཞིན་ཡང་དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་འདུག”ཅེས་བརྗོད།

    དེང་གི་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས། འཕྲད་པའི་འགྲན་སློང་དང་གཏན་འཁེལ་མེད་པའི་རང་བཞིན་ཉིན་བཞིན་མང་དུ་འགྲོ་བཞིན་ཡོད། འཛམ་གླིང་གི་འགྱུར་ལྡོག་ཆེན་པོའི་ཁྲོད་ཨེ་ཤེ་ཡའི་འབྱུང་འགྱུར་ཇི་ལྟར་བྱས་ཏེ་རང་འགུལ་ངང་གཏོད་རྒྱུ་དེ་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་གལ་འགངས་ཆེ་ལ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཏུ་གྱུར་ཡོད། མི་ཐབས་རིག་ནུས་དང་གྲངས་གཞི་ཆེན་པོ་སོགས་མདུན་གྲལ་ལག་རྩལ་གྱིས་མིའི་རིགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཚོ་བར་འགྱུར་ལྡོག་ཆེན་པོ་གཏོང་བཞིན་ཡོད་པ་དང་། ཨེ་ཤེ་ཡའི་རྒྱལ་ཁབ་ཚང་མས་ལག་རྩལ་གསར་པ་ཧུར་ཐག་སྤྱད་ནས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བཞིན་ཡོད། ཕུའུ་ཀྲི་ཧྲུའེ་ཡིས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཐད་ཀུན་ཕན་དང་བསྟུན་མཁས་གཙོ་བོར་འཛིན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“གྲངས་འཛིན་ཅན་དུ་གྱུར་བ་ལས་ཁུལ་ཁོངས་ཀྱི་ཚོད་འཛིན་མེད་པར་བཟོ་བ་དང་ཆ་འཕྲིན་གྱི་འགོག་རྐྱེན་སེལ་རྒྱུར་ཕན་ཐོགས་ཡོད་ལ། གཞི་ཁྱོན་ཅུང་ཆུང་བའི་ཁེ་ལས་འབྲིང་ཆུང་གིས་གྲངས་འཛིན་ཅན་ལ་བརྟེན་ནས་ནང་ཁུལ་གྱི་དོ་དམ་ནུས་པ་ཆེ་རུ་བཏང་སྟེ། གོ་ལ་ཧྲིལ་པོའི་ཁྲོམ་རར་ཡང་ཞུགས་ཆོག”ཅེས་བརྗོད།

    ཕུའུ་ཀྲི་ཧྲུའེ་ཡིས“ཀྲུང་གོར་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཐད་གྲུབ་འབྲས་གཟེངས་སུ་ཐོབ་ཡོད། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གི་ཞིབ་འཇུག་ལས་མངོན་པར། ཀྲུང་གོའི་གྲོང་ཁྱེར་གྱི་གྲངས་འཛིན་ཅན་གྱི་འཕེལ་རིམ་ལས་བསྟུན་མཁས་རང་བཞིན་ཆེ་རུ་འགྲོ་བར་རམ་འདེགས་ཐུབ་པས། རྒྱལ་ཁབ་གཞན་ལ་ཉམས་མྱོང་དཔྱད་གཞི་མཁོ་འདོན་བྱེད་ཀྱི་ཡོད། ཀྲུང་གོའི་འབྲེལ་ཡོད་ཁེ་ལས་ཀྱིས་ཨེ་ཤེ་ཡའི་རྒྱལ་ཁབ་ཏུ་བཀོད་པ་རྒྱ་སྐྱེད་བཏང་བ་དེས་གྲངས་འཛིན་ལག་རྩལ་གཞི་ཚུགས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ནས་དམངས་ཚོགས་དེ་བས་མང་བར་བདེ་སྐྱིད་བསྐྲུན་ཡོད། གསར་གཏོད་ནི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་ཤིན་ཏུ་གལ་འགངས་ཆེ་བ་ཞིག་རེད། གསར་གཏོད་ཀྱི་ཁོར་ཡུག་བཟང་པོའི་འོག་ཁེ་ལས་ཆུང་གྲས་ཀྱིས་ཀྱང་གསར་གཏོད་བརྒྱུད་རང་ངོས་སྟོབས་ཆེར་བཏང་ནས་ཁེ་ལས་ཆེ་གྲས་དང་མཉམ་དུ་རྩལ་འགྲན་བྱེད་ཆོག་གི་ཡོད། ཀྲུང་གོར་ཉེན་ཁའི་མ་འཇོག་དང་། གསར་གཏོད་ཚོད་ལྟ་ཁང་། དེ་བཞིན་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་སྣ་ཚོགས་ཡོད་པས་འབྲེལ་ཡོད་ཁྱབ་ཁོངས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།