རྒྱལ་ཁབ་གློག་དྲ་པར་ཙིར་མ་རྐང་ཚོད་འཛིན་ཀུང་སིའི་པར་ཙིར་བྱང་ཤར་རྒྱུད་ཀྱི་ཆེས་མཐོ་གནོན་རྣམ་གྲངས་ཞིར་ཝ་ཉི་ཡའི་གློག་རྒྱུན་སྒྱུར་བའི་ས་ཚིགས་སྐྲུན་འགོ་ཚུགས་པ།
ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་30ཉིན། ཀྲུང་གོ་རྒྱལ་ཁབ་གློག་དྲ་པར་ཙིར་མ་རྐང་ཚོད་འཛིན་ཀུང་སིའི་ཞིར་ཝ་ཉི་ཡའི་གློག་རྒྱུན་སྒྱུར་བའི་ས་ཚིགས་པར་ཙིར་དབུས་རྒྱུད་ཀྱི་ཀེ་ཡ་སི་ཀྲོའུ་ཞིར་ཝ་ཉི་ཡ་གྲོང་ཁྱེར་དུ་སྐྲུན་འགོ་ཚུགས་ཡོད།
པར་ཙིར་གྱི་གཏེར་ལས་དང་ནུས་རྒྱུ་པུའི་པུའུ་ཀྲང་ཤིར་ཝེ་ལ་ཡིས་བརྙན་ལམ་ནས་ཤིས་ཚིག་སྒྲོན་སྐབས། པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡིས་གློག་རྒྱུན་སྒྱུར་བའི་ས་ཚིགས་སྐྲུན་འགོ་ཚུགས་པར་རྟེན་འབྲེལ་ཞུ་ལུགས་བརྒྱུད་བསྒྲགས་བྱས་པ་དང་། ཤིར་ཝེ་ལ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་སྐབས་སུམ་ཅུ་པ་ད་ལོར་པར་ཙིར་དུ་འཚོག་རྒྱུ་ཡིན་པ་དང་ཙུང་ཐུང་ལུའུ་ལ་ཡང་ཀྲུང་གོ་ཕྱོགས་དང་མཉམ་ལས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་འཛམ་གླིང་ལ་ནུས་རྒྱུ་ཕྱོགས་སྒྱུར་གྱི་དཔེ་མཚོན་གཏོད་འདོད་ཡོད་ཅེས་བརྗོད་པ་རེད།
པར་ཙིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲུའུ་ཆིང་ཆའོ་ཡིས། ཀྲུང་གོས་དྭངས་གཙང་ཐཱན་ཉུང་དང་བདེ་འཇགས་ནུས་ཆེའི་ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་དང་། པར་ཙིར་གྱིས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་བཟོ་ལས་ཅན་འཕེལ་རྒྱས་ཀྱི་སྔོན་སྒྲུབ་དོན་ཚན་ཞིག་ཏུ་བརྩི་རྒྱུ་རེད། རྣམ་གྲངས་སྔ་ཙམ་སྐྲུན་འགོ་ཚུགས་ནས་གང་མགྱོགས་སྤྱོད་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།