ཀན་སུའུ་དཔའ་རིས་སུ་རྟ་རྒྱུག་འགྲན་བསྡུར་ཆེ་ མོ་འགོ་ཚུགས་པ།
ཉེ་ཆར། དུས་ཡུན་ཉིན་4ཡི་ཀྲུང་གོ་རྟ་ལས་མཐུན་ཚོགས་ཀྱི་རྟ་རྒྱུག་འགྲན་བསྡུར་ཆེ་མོ་·2025ལོའི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི“དྲུག་པའི་ཚེས་དྲུག”གི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་ཆེ་མོ་བཀྲ་ཤིས་ཕྱུག་ལུང་རྩྭ་ཐང་དུ་འགོ་ཚུགས་པ་རེད། མི་རིགས་ཁག་གི་མང་ཚོགས་དང་ཡུལ་སྐོར་བ་ཚོ་ཀ་དྲོད་རྫ་རིའི་འདབས་སུ་འཛོམས་ནས་འཁྲབ་སྟོན་ལ་ལྟ་བ་དང་། ཞིམ་ཟས་ལ་རོལ་བ། མཛེས་ལྗོངས་ལ་ལྟ་བ་སོགས་བྱས་ཏེ་རྩྭ་ཐང་གི་འདུ་ཚོགས་གཟབ་རྒྱས་དེར་མཉམ་དུ་རྟེན་འབྲེལ་ཞུས་པ་རེད། འདི་ནི་ཀན་སུའུ་དཔའ་རིས་ཀྱི“དྲུག་པའི་ཚེས་དྲུག”གི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་ཆེ་མོའི་རྟ་རྒྱུག་ཐང་དུ་འགྲན་ཞུགས་པ་ཚོས་རྟ་རྩལ་ངོམ་བཞིན་པ།