བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་སྤྱི་ཕན་དགེ་སྒྲུབ་རིགས་ཀྱི་སྤྱི་ཚོགས་རྩ་འཛུགས་དང་པོ་བཙུགས་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་འཛུགས་པའི་ཚོགས་ཆེན་དང་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་བདེ་བླག་ངང་འཚོགས་པ་དེ་ཐོག་ནས་ཆབ་མདོའི་དགེ་སྒྲུབ་བྱ་གཞག་དེ་མ་ལག་ཅན་དང་ཆེད་ལས་ཅན་གྱི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད་ལ། གྲོང་ཁྱེར་དེའི་སྤྱི་ཕན་དགེ་སྒྲུབ་རིགས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱི་སྟོང་ཆ་ཡང་བསྐངས་ཡོད།
ཆབ་མདོ་གྲོང་ཁྱེར་གྱི་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་བཙུགས་པ་ནི་ས་གནས་དེ་གའི་དགེ་སྒྲུབ་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཞིག་རེད་ལ། དེ་བས་མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད། སླད་ཕྱིན་ཆབ་མདོ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དཔེ་སྟོན་གྲོང་ཁྱེར་ལ་ཁྲིད་སྟོན་བྱེད་པའི”འཛུགས་སྐྲུན་དམིགས་ཚད་ལ་དམ་པོར་དམིགས་ཏེ། “ཞལ་འདེབས་དངུལ་གྲབས་གསོག་དང་གེགས་སེལ་རོགས་སྐྱོབ་དང་། དབུལ་སྐྱོར་དཀའ་སེལ་དང་དམངས་འཚོ་འགན་ལེན”སོགས་ལྟེ་བའི་ལས་སྒོ་ཆེན་པོ་བཅུ་སྤེལ་བ་བརྒྱུད། ཆབ་མདོ་གྲོང་ཁྱེར་གྱི་ཁྱད་ལྡན་དགེ་སྒྲུབ་སྤུས་རྟགས་ཧུར་ཐག་བཏོད་དེ། དགེ་སྒྲུབ་བྱ་གཞག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གོམ་སྟབས་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་དེ་བས་མང་བ་བདེ་སྐྱིད་ཀྱི་ལམ་བུར་བསྐྱོད་ཐུབ་པ་བྱ་རྒྱུ་རེད།