དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་ལོ་རྒྱུས་ཡིག་ཚགས་ཉམས་གསོའི་རྣམ་གྲངས་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-05

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས“ལོ་རྒྱུས་ཀྱི་ཡིག་ཚགས་ཉམས་གསོའི་རྣམ་གྲངས”སྤེལ་འགོ་ཚུགས་ཤིང་། ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ལོ་རྒྱུས་ཀྱི་ཡིག་ཚགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱས་ཡོད། ཡིག་ཚགས་འདི་དག་གི་ལོ་རྒྱུས་སྔ་ཤོས་སྤྱི་ལོ་1304བར་འདེད་ཐུབ་པ་དང་ད་བར་ལོ་720ལྷག་ཙམ་ཕྱིན་པ་དང་། དེའི་ནང་ཀྲུང་ཧྭ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་བཀོད་པ་དང་། དེ་ནི་བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་དཔང་པོ་དངོས་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལོ་རྒྱུས་ཡིག་ཚགས་ཉམས་གསོ་ནི་ཉེ་བའི་ལོ་ཤས་རིང་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཡིག་ཚགས་མྱུར་སྐྱོབ་བྱ་སྤྱོད་ཅིག་རེད། ཉམས་གསོའི་ལས་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བའི་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་སྒྲིག་འཛུགས་བྱས་པའི་ཆེད་དོན་ལས་དོན་ཚོགས་ཆུང་གིས་བརྟག་ཞིབ་བྱས་པ་བརྒྱུད《ཡིག་ཚགས་མྱུར་སྐྱོབ་དང་ཉམས་གསོའི་རྣམ་གྲངས་ཀྱི་རིགས་པས་ཁུངས་སྐྱེལ་གྱི་སྙན་ཞུ》གྲུབ་པ་དང་། སྲོལ་རྒྱུན་གྱི་རྩལ་ནུས་གང་ལེགས་སྤྱད་དེ“ཐེ་ཇུས་ཉུང་ཤོས”ཀྱི་རྩ་དོན་ལ་སྲུང་བརྩི་ཞུས་ཏེ། ཡིག་ཚགས་ཤོག་ལྷེ་7000ལ་ཉེ་བ་དུས་ཡུན་ཟླ་བཅུ་གཉིས་ནང་ཉམས་གསོ་ལེགས་གྲུབ་བྱ་རྩིས་ཡོད་པ་རེད། ཉམས་གསོ་དོ་དམ་ཐད་ཧྲལ་ཧྲུལ་དུ་གྱུར་པའི་ཡིག་ཚགས་རེ་རེར་གྲངས་འཛིན་ཅན་གྱི་རྩིས་ཁྲ་བཟོ་ཆེད་ཡིག་ཚགས་ཨང་གྲངས་ཀྱི་ཟུར་མཆན་དང་། ཧྲལ་ཧྲུལ་གྱི་ཚད་གཞི། ཉམས་གསོའི་ཇུས་གཞི་བཅས་བཀོད་དེ་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་པའི་དོ་དམ་མངོན་འགྱུར་ཐུབ་ཡོད། དེ་དང་ཆབས་ཅིག་མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་འགོག་ཟོན་བྱེད་པར་ཁྱབ་པའི་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་ལམ་སྲོལ་བཙུགས་པ་དང“བཤེར་གསུམ”ལམ་ལུགས(ལས་སྒྲུབ་ཚོགས་ཆུང་གི་རང་བཤེར་དང་། ཆེད་དོན་ལས་དོན་ཚོགས་ཆུང་གི་ཆེད་དོན་ཞིབ་བཤེར། ཡིག་ཚགས་ཁང་གིས་མཐའ་མའི་ཞིབ་བཤེར་བཅས)དོན་འཁྱོལ་བྱས་ནས་ཡིག་ཚགས་ཀྱི་བདེ་འཇགས་དང་ཉམས་གསོའི་སྤུས་ཚད་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།