དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གྲོང་སྡོད་ལས་དོན་རུ་ཁག་གིས་ གྲོང་མིའི་སྣེ་ཁྲིད་དེ་དམངས་ཕན་བྱ་བ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-04

    འདི་ནི་ལས་དོན་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མདའ་རོ་གྲོང་ཚོའི་ལྡུམ་རའི་རྩྭ་ངན་འགོག་བཞིན་པ།

    འདི་ནི་མདའ་རོ་གྲོང་ཚོའི་ལས་བྱེད་པས་གྲོང་མིར་འདག་རྫས་སྤྲོད་བཞིན་པ།

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མདའ་རོ་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས“ཆུང་ལ་མཛེས་པའི་ཏང་དར་ལྷབ་ལྷུབ་ཏུ་གཡོ། མི་རིགས་མཐུན་སྒྲིལ་གྱི་ཕུགས་འདུན་གསར་པ་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོའི་ཁྲོད་ལས་དོན་པས་མང་ཚོགས་ཀྱི་སྣེ་ཁྲིད་ནས་གྲོང་ཚོའི་ལམ་འགྲམ་གྱི་གད་སྙིགས་གཙང་སེལ་དང་། ལྡུམ་རའི་རྩྭ་ངན་འགོག་པ། ལྕང་མའི་ཡལ་བཞུར་རྒྱག་པ། ཡུར་བུ་གཤོང་བ་བཅས་བྱས་ནས་ཁྱོན་རིང་ཚད་སྤྱི་ལེ་2ཡོད་པའི་གྲོང་ཚོའི་ལམ་འགྲམ་གཙང་སེལ་དང་། སྨི་ངོས་གྲུ་2000ཡོད་པའི་ལྡུམ་རའི་རྩྭ་ངན་བཀོག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།