སྣེ་ཁྲིད་ནུས་པ་འདོན་པ།
འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་གི་ལས་ཁུངས་ཏང་ཀྲི་པུའི་ཏང་ཡོན་གྱིས་ཉི་རི་ཁའི་ནགས་ཁྲོད་ཐོན་ཁུངས་མཉམ་ལས་ཁང་དུ་མང་ཚོགས་ལ་ཀོ་ཤ་འཐུ་རོགས་བྱེད་བཞིན་པ།
འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་གི་ལས་ཁུངས་ཏང་ཀྲི་པུའི་ཏང་ཡོན་གྱིས་ལམ་བུ་འཕྱག་བཞིན་པ།
ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱི་ས་གནས་ཁག་གིས་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་རྒྱས་གོམ་པ་མཉམ་བགྲོད་ཡོང་བར་སྐུལ་འདེད་བཏང་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཞིང་། ཏང་རྩ་འཛུགས་ཀྱིས་སྐུལ་ཁྲིད་དང་། ཏང་ཡོན་གྱིས་སྣེ་ཁྲིད། ཐོན་ལས་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་པ་བརྒྱུད་མང་ཚོགས་འཕེལ་རྒྱས་ནང་ཞུགས་པའི་ནང་གནས་སྒུལ་ཤུགས་ནུས་ལྡན་འཕེལ་བར་བྱས་པས“ཀྲི་པུའུ་ཡིས་ཁྲིད་སྟོན་དང་། ཏང་ཡོན་གྱིས་དཔེ་སྟོན། མང་ཚོགས་ཞུགས་པ”བཅས་ཀྱི་རྣམ་པ་བཟང་པོ་ཆགས་ནས་མཐུན་མཛེས་གྲོང་གསེབ་འཛུགས་སྐྲུན་ལ་རམ་འདེགས་ཐུབ་ཡོད།