ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གཉིས་ཀྱིས་2024ལོའི“ཁ་དན་ཚིག་གནས་ཀྱི་མི”ཡོངས་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་ནས། ཁ་དན་ཚིག་གནས་ཀྱི་རིག་གནས་དར་སྤེལ་དང་ཁ་དན་ཚིག་གནས་ཐུབ་པར་སྐུལ་འདེད་བཏང་སྟེ། ཁ་དན་ཚིག་གནས་དང་ཁ་ཆད་ལག་བསྟར་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་པར་སྐུལ་སྤེལ་གཏོང་ཆེད། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གཉིས་ཀྱིས་2024ལོའི“ཁ་དན་ཚིག་གནས་ཀྱི་མི”ཡོངས་བསྒྲགས་བྱས་པ་རེད།
ད་ཐེངས་ཡོངས་བསྒྲགས་བྱས་པའི“ཁ་དན་ཚིག་གནས་ཀྱི་མི”དེ་དག་ནི། ཧྲན་ཤིས་ཞིང་ཆེན་ཅིན་ཁྲེང་གྲོང་ཁྱེར་གྲོང་ཁུལ་པེ་ཧྲི་ཏེན་གྲོང་རྡལ་ནན་ཧྲི་ཏེན་གྲོང་ཚོའི་ཡུལ་མི་ལིའུ་ཕིང་ཀུའེ་དང་ལི་ཅི་ལིན་ཁྱོ་ཤུག་དང་། ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་ཏ་མའོ་ཆི་མན་ཏུའུ་ལཱ་གྲོང་རྡལ་པ་དབྱིན་ཧ་ལཱ་ཀ་ཁྲའི་འབྲོག་པ་དང་མཐའ་སྲུང་བ་ཨ་ཏི་ཡ། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་ཧེ་ལུང་ཅང་ཞིང་ཆེན་མོ་ཧོ་གྲོང་ཁྱེར་ཡན་ལག་ཀུང་སིའི་པེ་ཆི་གྲོང་ཚོའི་ཡན་ལག་ཅུས་ཀྱི་སྦྲག་སྐྱེལ་བ་ཝང་ཤིའུ་ལུང་། ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ཕུའུ་ཏུང་ཡན་ལག་ཅུས་མེ་ཡོན་གྲོང་གསར་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཅང་ཅིན་ཝེ། ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཅིན་ཧུའུ་རྫོང་ཅིན་ནན་གྲོང་རྡལ་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་རུ་ཁག་གི་རུ་དཔོན་ཡུས་རུའུ་ཀུའེ། ཅང་ཤིས་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཀོང་ཁྲང་རྫོང་ཡོན་ཐའེ་བཟའ་བཅའ་དང་སྨན་རྫས་ལ་སྤྱོད་པའི་ཤ་མོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཞེ་ཡོན་ཐའེ། ཀོང་ཤིས་ཀྲོང་ཧུང་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལན་ཕེ་ཝུན། ཁྲུང་ཆིང་གྲོང་ཁྱེར་ཐུན་ལིའང་ཆུས་པ་ཁྲོན་ཁྲོམ་གཞུང་ཡོན་ཅ་སྡེ་ཁུལ་གྱི་གྲོང་མི་ཁྲེན་ཧྲུའུ་མེ། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྲུང་ཝེ་གྲོང་ཁྱེར་ཧྲ་པོ་ཐོའུ་ཆུས་ཡུང་ཁང་གྲོང་རྡལ་ཨེ་ཝན་གྲོང་ཚོའི་ཡུལ་མི་ལིའུ་ཅིན་ལུའུ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་པ་དབྱིན་ཀུའོ་ལེང་སོག་རིགས་རང་སྐྱོང་ཀྲོའུ་དང་ཅིན་རྫོང་ཧར་མོ་ཏུན་གྲོང་རྡལ་ཧར་མོ་ཏུན་གྲོང་ཚོའི་ཡུལ་མི་ཧྥུའུ་ཀྲི་ཀྲོའུ་བཅས་ཡིན་པ་རེད།
ས་ཡུལ་དངོས་སུ“ཁ་དན་ཚིག་གནས་ཀྱི་མིའི”སྔོན་ཐོན་བྱས་རྗེས་ཀྱི་བརྙན་ཐུང་པར་གཞི་བསྟན་ཏེ། “ཁ་དན་ཚིག་གནས་ཀྱི་མིས”རང་ཉིད་ཀྱིས་ཁ་དན་ཚིག་གནས་ཇི་ལྟར་བྱེད་ཚུལ་དང་མི་ཚེའི་མྱོང་བ་གླེང་བ་རེད། ཁོང་ཚོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བློ་རྩ་བརྟན་པོས་ཡིད་ཆེས་བྱེད་མཁན་དང་། ཁ་དན་ཚིག་གནས་ཀྱི་རིན་ཐང་འདུ་ཤེས་ལག་ལེན་བསྟར་མཁན་གྱི་དཔེ་མཚོན་ཡིན་པས། རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ཁ་དན་ཚིག་གནས་རྩ་བར་འཛིན་པ་དང་ཁ་དན་ཚིག་གནས་གོང་དུ་བཀུར་བའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས“ཁ་དན་ཚིག་གནས་ཀྱི་མིར”ལག་ཁྱེར་དང་བྱ་དགའི་བུམ་པ་སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ཁ་དན་ཚིག་གནས་ཀྱི་མི”ཡོངས་བསྒྲགས་བྱེད་པའི་དམིགས་བསལ་ལེ་ཚན་ཉེ་དུས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ནོར་དཔལ་འཕྲིན་ལམ་ནས་སྟོན་རྒྱུ་ཡིན་པ་རེད།